མི་དམངས་དྲ་བ།

༄༅།།ཀྲུང་གུང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་པེ་ཅིང་དུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་24ཉིན། 10:52】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

༄༅།།ཀྲུང་གུང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་པེ་ཅིང་དུ་འཚོགས་པ།

   མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་གུང་ཁྲན་ཏང་ཀྲུང་དབྱངཨུ་ཡོན་ལྷན་ཁང་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་2014ལོའི་ཟླ་10ཚེས་20ཉིན་ནས་ཚེས་23ཉིན་བར་པེ་ཅིང་དུ་འཚོགས་ཤིང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚང་འཛོམས་གྲོས་ཚོགས་གཙོ་སྐྱོང་གནང་བ་དང་། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིན་གྱིས་གསུང་བཤད་གལ་ཆེན་གནང་བ་རེད། 
      ཚང་འཛོམས་གྲོས་ཚོགས་ཐོག་ཞིས་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མངགས་བཅོལ་ལྟར་གནང་བའི་ལས་དོན་སྙན་ཞུ་ཉན་པ་དང་གྲོས་བསྡུར་བྱས་པ་དང་། ༼ཁྲིམས་ལྟར་རྒྱལ་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་སྤེལ་གཏོང་རྒྱུའི་གལ་ཆེའི་གནད་དོན་འགའ་ཞིག་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས་༽ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཞིང་། ཞིས་ཅིན་ཕིང་གིས་༼གཏན་འབེབས་༽(གྲོས་བསྡུར་བྱ་རྒྱུའི་མ་ཟིན་)སྐོར་ཚང་འཛོམས་གྲོས་ཚོགས་ཐོག་གསལ་བཤད་གནང་བ་རེད། 
      ཚང་འཛོམས་གྲོས་ཚོགས་ཐོག་ནན་བཤད་གནང་དོན། ཁྲིམས་ལྟར་རྒྱལ་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་སྤེལ་གཏོང་བར་ངེས་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དོན་འཁྱོལ་མཐར་ཕྱིན་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆ་མཐོན་པོ་སྒྲེང་པ། མར་ཁེ་སིའི་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས། ༼མཚོན་བྱེད་གསུམ་༽གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་སློབ་སྟོན་དུ་འཛིན་པ། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་གཏིང་ཟབ་པོ་བཅས་བྱས་ནས་ཏང་གི་འགོ་ཁྲིད་བྱ་རྒྱུ་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱ་རྒྱུ། ཁྲིམས་ལྟར་རྒྱལ་སྐྱོང་བྱ་རྒྱུ་བཅས་ཕན་ཚུན་གཅིག་གྱུར་ཡོང་བ་མཐའ་འཁྱོངས་དང་། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་བགྲོད་ལམ་དུ་སྐྱོད་པ། བློ་ཐག་རྦད་བཅད་ཀྱིས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོང་། ཁྲིམས་ལྟར་མི་དམངས་ཀྱི་ཁེ་དབང་སྲུང་སྐྱོང་དང་། སྤྱི་ཚོགས་དྲང་སྙོམས་དྲང་བདེན་ཡོང་བར་སྲུང་སྐྱོང་། རྒྱལ་ཁབ་བདེ་འཇགས་དང་བརྟན་ལྷིང་ཡོང་བར་སྲུང་སྐྱོང་བཅས་བྱས་ཏེ་༼ལོ་བརྒྱ་ཐམ་པ་གཉིས་༽ཀྱི་འབད་སྒྲུབ་དམིགས་ཡུལ་མངོན་འགྱུར་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཕྱིར་ཁྲིམས་སྐྱོང་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱ་དགོས། 
      ཚང་འཛོམས་གྲོས་ཚོགས་ཐོག་ཁྲིམས་ལྟར་རྒྱལ་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་སྤེལ་གཏོང་རྒྱུའི་ལས་འགན་གལ་ཆེན་གསལ་པོ་ཡོང་བར་བྱས་ཤིང་། དེ་གསལ་པོར་བཤད་ན། རྩ་ཁྲིམས་སྲོག་ཤིང་དུ་གྱུར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཁྲིམས་ལུགས་ཀྱི་མ་ལག་འཐུས་ཚང་དུ་གཏོང་དགོས་པ་དང་། རྩ་ཁྲིམས་ལག་ལེན་དུ་བསྟར་ཤུགས་ཆེ་རུ་གཏོང་དགོས་པ། ཁྲིམས་ལྟར་སྲིད་འཛིན་ལ་སྐུལ་སྤེལ་གཏིང་ཟབ་བཏང་ནས་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་གང་མགྱོགས་བྱ་དགོས་པ། ཁྲིམས་འཛིན་དྲང་གཞག་བྱ་རྒྱུར་འགན་ལེན་བྱས་ཏེ་ཁྲིམས་འཛིན་ལ་ཀུན་གྱིས་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་དགོས་པ། དམངས་ཡོངས་ཀྱི་ཁྲིམས་སྲུང་འདུ་ཤེས་འཛིན་ཤུགས་ཆེ་རུ་བཏང་ནས་ཁྲིམས་སྐྱོང་སྤྱི་ཚོགས་འཛུགས་སྐྲུན་ལ་སྐུལ་སྤེལ་གཏོང་དགོས་པ། ཁྲིམས་སྐྱོང་ལས་སྒྲུབ་དཔུང་སྡེ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས་པ། ཏང་གིས་ཁྲིམས་ལྟར་རྒྱལ་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་སྤེལ་གཏོང་བར་འགོ་ཁྲིད་བྱེད་ཤུགས་ཆེར་གཏོང་དང་ལེགས་བཅོས་བྱ་དགོས་པ་བཅས་རེད། ཚང་འཛོམས་གྲོས་ཚོགས་ཐོག་ཏང་གི་སྒྲིག་ཡིག་ནང་གསལ་གཏན་འབེབས་ལ་གཞིགས་ཏེ་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་རྗེས་སྣོན་ཨུ་ཡོན་མ་ཅན་ཐང་དང་། ཝང་ཙུའོ་ཨན། མའོ་ཝན་ཁྲུན་བཅས་ཀྲུང་དབྱང་ཨུ་ཡོན་དུ་རིམ་གསབ་བྱས་པ་རེད། 
       ཚང་འཛོམས་གྲོས་ཚོགས་ཐོག་ཀྲུང་གུང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལི་ཏུང་ཧྲེང་དང་། ཅང་ཅེ་རྨིན། ཝང་ཡུང་ཁྲུན། ལི་ཁྲུན་ཁྲེང་། ཝན་ཆིན་ལིའང་བཅས་ཀྱི་སྒྲིག་ཁྲིམས་དང་ཚབས་ཆེན་འགལ་བའི་གནད་དོན་ལ་ཞིབ་བཤེར་བྱས་པའི་སྐོར་གྱི་སྙན་ཞུར་གྲོས་ཞིབ་བྱས་པ་མ་ཟད་གྲོས་འཆམ་བྱུང་བ་་དང་། ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་དབྱང་ཅིན་ཧྲན་གྱི་སྒྲིག་ཁྲིམས་ལ་ཚབས་ཆེན་འགལ་བའི་གནད་དོན་ལ་ཞིབ་བཤེར་བྱས་པའི་སྙན་ཞུར་གྲོས་ཞིབ་བྱས་པ་མ་ཟད་གྲོས་འཆམ་བྱུང་ཞིང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་དེ་སྔོན་ལི་ཏུང་ཧྲེང་དང་། ཅང་ཅེ་རྨིན། དབྱང་ཅིན་ཧྲན། ཝང་ཡུང་ཁྲུན། ལི་ཁྲུན་ཁྲེང་། ཝན་ཆིན་ལིའང་བཅས་ལ་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་བཅད་པ་དངོས་སུ་ཁས་ལེན་བྱས་པ་རེད།

༄༅།།ཀྲུང་གུང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་པེ་ཅིང་དུ་འཚོགས་པ།