འཚོལ་བཤེར།   
藏文频道
2014ལོའི་ཟླ་10ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།༼ཁྲི་གདུགས་ཉི་མའི་བུ་མོ་༽ཞེས་པ་ནང་སྦྱོང་བྱེད་པའི་དུས་མཚམས་སུ་སླེབས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་27ཉིན། 09:25】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པར་རང་སྐྱོང་ལྗོངས་གླུ་གར་ཚོགས་པ་ནས་ཤེས་རྟོགས་བྱུང་བར།ཚེས་20ཉིན་ནས་བཟུང་བོད་ཀྱི་མི་རིགས་ཀྱི་གསར་རྩོམ་བྲོ་གར་ཆེ་གྲས་དང་པོ་༼ཁྲི་གདུགས་ཉི་མའི་བུ་མོ་༽ཞེས་པ་ནང་སྦྱོང་བྱེད་པའི་དུས་མཚམས་སུ་སླེབས་པ་རེད།
        མི་རིགས་ཀྱི་གསར་རྩོམ་བྲོ་གར་ཆེ་གྲས་དང་པོ་༼ཁྲི་གདུགས་ཉི་མའི་བུ་མོ་༽ཞེས་པ་དེ་ནི་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བར་ཕྱག་རྟགས་འབུལ་བའི་གར་སྟེགས་སྒྱུ་རྩལ་འདུ་འགོད་ཅིག་ཡིན་ལ་ལྗོངས་ཕྱི་ནང་གི་ལེགས་ལྡན་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ་ནུས་ཤུགས་ཡོད་རྒུས་བཏོད་པའི་བོད་ཀྱི་མི་རིགས་ཀྱི་གསར་རྩོམ་བྲོ་གར་ཆེ་གྲས་དང་པོ་དེ་ཡིན་ཞིང་། རང་སྐྱོང་ལྗོངས་གླུ་གར་ཚོགས་པས་ཀྲུང་གོ་གླུ་གར་བྲོ་གར་ཁང་དང་མཉམ་འབྲེལ་ཐོག་ཞིབ་ཚགས་ངང་བཏོད་པ་ཞིག་རེད།
      

    ཕྱོགས་བསྡུས་གསར་འགྱུར།