འཚོལ་བཤེར།   
藏文频道
2014ལོའི་ཟླ་10ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།ཏེང་ཞའོ་ཀང་གིས་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་
    གཙོ་སྐྱོང་གནང་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་27ཉིན། 09:26】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། ཚེས་23ཉིན་གྱི་ཕྱི་དྲོ་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་བཅས་ཡིན་པའི་ཏེང་ཞའོ་ཀང་གིས་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་གཙོ་སྐྱོང་གནང་སྟེ་ཀྲུང་དབྱང་ཁྲིམས་འཛིན་སྒྲིག་སྲོལ་སྒྱུར་བཅོས་ཚོད་ལྟའི་ལས་དོན་ལ་སྐུལ་འདེད་གཏོང་བའི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་བ་མ་ཟད་། ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དང་རང་ལྗོངས་ཀྱི་ཁྲིམས་འཛིན་སྒྲིག་སྲོལ་སྒྱུར་བཅོས་ཀྱི་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་གཏོང་བའི་ལས་དོན་ཡང་བཀོད་སྒྲིག་གནང་བ་རེད།
        ཏེང་ཞའོ་ཀང་གིས་ཁྲིམས་འཛིན་སྒྲིག་སྲོལ་སྒྱུར་བཅོས་ནི་ཆབ་སྲིད་སྒྲིག་སྲོལ་སྒྱུར་བཅོས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས་གཞུང་དྲང་དང་། ཕན་ཆེ། དབང་གྲགས་ལྡན་པ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་འཛིན་ལམ་ལུགས་མགྱོགས་མྱུར་འཛུགས་རྒྱུ་དང་། རྒྱལ་ཁབ་ཀྱི་བཅོས་སྐྱོང་སྒྲིག་སྲོལ་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་རྒྱུ།ཁྲིམས་ལྟར་རྒྱལ་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་བཅས་ལ་ཧ་ཅང་གལ་འགངས་ཆེ་བའི་དོན་སྙིང་ལྡན་ཡོད།ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས་སྲིད་ཁྲིམས་སྒྲིག་སྲོལ་སྒྱུར་བཅོས་ཚོད་ལྟའི་ལས་དོན་ལ་སྐུལ་འདེད་གཏོང་བའི་ཚོགས་འདུ་འཚོགས་པས་སྒྱུར་བཅོས་ཀྱི་ཁ་ཕྱོགས་དང་བསམ་ཕྱོགས།བྱ་ཐབས་བཅས་སྔར་བས་གསལ་དུ་ཕྱིན་པ་མ་ཟད། རང་ལྗོངས་ཀྱི་སྒྱུར་བཅོས་ལ་གཞི་འཛིན་ས་ཞིག་དང་ཁ་ཕྱོགས་ཡང་གསལ་སྟོན་བྱས་པས། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ངེས་པར་དུ་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ནན་ཏན་དང་།གོ་བ་གཏིང་ཟབ་ལེན་པ།ལག་བསྟར་དོན་འཁྱོལ་ཡག་པོ་བཅས་བྱས་ཏེ་སྤྱི་འདོམས་འཆར་འགོད། སྒྲིག་འཛུགས་ཞིབ་ཚགས་བྱས་ནས་ནུས་ཤུགས་ཡོད་རྒུས་རང་ལྗོངས་ཀྱི་ཁྲིམས་འཛིན་སྒྲིག་སྲོལ་སྒྱུར་བཅོས་ཀྱི་ལས་དོན་ཁག་དམ་འཛིན་ཡག་པོ་བྱེད་དགོས་ཞེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།