འཚོལ་བཤེར།   
藏文频道
2014ལོའི་ཟླ་10ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།པེ་ཅིང་གྲོང་ཁྱེར་གྱི་འཐུས་མི་ཚོགས་པས་བོད་ལྗོངས་སུ་རྟོག་ཞིབ་གནང་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་20ཉིན། 08:56】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
    ༄༅།།པེ་ཅིང་གྲོང་ཁྱེར་གྱི་འཐུས་མི་ཚོགས་པས་བོད་ལྗོངས་སུ་རྟོག་ཞིབ་གནང་བ།
        མི་དམངས་དྲ་བའི་འཕྲིན། ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུ་དང་ཀྲུང་དབྱང་གི་ཁ་གཏད་བོད་སྐྱོར་བྱས་ནས་ལོ་20འཁོར་བའི་བརྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་ཆེད་ཟླ་10ཚེས་15ནས་ཚེས་18ཉིན་བར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་པེ་ཅིང་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀུའོ་ཅིན་ལུང་གིས་པེ་ཅིང་གྲོང་ཁྱེར་གྱི་འཐུས་མི་ཚོགས་པའི་སྣེ་ཁྲིད་གནང་སྟེ་བོད་ལྗོངས་སུ་ཁ་གཏད་བོད་སྐྱོར་གྱི་ལས་དོན་ལ་རྟོག་ཞིབ་དང་མཛུབ་ཁྲིད་གནང་བར་ཕེབས་པ།
        ཁྲེན་ཆོན་གོས་ཁ་གཏད་བོད་སྐྱོར་བྱས་ནས་ལོ་20རིང་པེ་ཅིང་གྲོང་ཁྱེར་གྱིས་བོད་སྐྱོར་ལས་དོན་ལ་སྔ་ཕྱི་བར་གསུམ་དུ་ཚད་མཐོའི་མཐོང་ཆེན་བྱས་པ་དང་། བོད་ལ་ཁ་གཏད་རོགས་སྐྱོར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཞིག་ལ་བརྩིས་ནས་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཀྱི་འཆར་འགོད་ནང་བཞག་ནས་སྤྱི་འདོམས་བསམ་གཞིགསབྱས་པ། ལས་བྱེད་པ་དང་ཤེས་ལྡན་པའི་ཐད་ལེགས་འདེམས་མངགས་གཏོང་དང་། མ་དངུལ་བཀོད་སྒྲིག་ཐད་སྔོན་ལ་གཏོང་སྤྲོད། རྣམ་གྲངས་འཛུགས་སྐྲུན་ཐད་རྒྱབ་སྐྱོར་ཤུགས་ཆེན་བཅས་བྱས་ནས་པེ་ཅིང་གི་ཁྱད་ཆོས་ལྡན་པའི་བོད་སྐྱོར་ལས་དོན་སྒྲུབ་སྟངས་བཏོད་དེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལེགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཡོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་བས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་གཅིག་གྱུར་གྱི་གདེང་འཇོག་ཡག་པོ་དང་ཚད་མཐོའི་བསྔགས་བརྗོད་ཐོབ་ཡོད། ང་ཚོས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དང་པེ་ཅིང་གྲོང་ཁྱེར་སོགས་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་རྒྱབ་སྐྱོར་ཤུགས་ཆེན་འོག་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་དང་། ཀྲུང་དབྱང་མི་རིགས་ལས་དོན་ཚོགས་འདུ་དང་ཀྲུང་དབྱང་གིས་བོད་ལ་ཁ་གཏད་རོགས་སྐྱོར་ལས་དོན་སྤེལ་ནས་ལོ་20འཁོར་བའི་བརྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ། ཚན་རིག་དང་མཐུན་པའི་གོང་འཕེལ་དང་། ཞི་མཐུན་བརྟན་ལྷིང་། དམངས་འཚོ་ལེགས་གཏོང་། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། སྣོད་བཅུད་ལེགས་པ།ཏང་འཛུགས་སྐྱོང་ལ་ཤུགས་སྣོན། མཐའ་མཚམས་སྲ་བརྟན་བཅས་ཀྱི་རྣམ་པ་རྒྱུན་ཆད་མེད་པར་གཏོད་པ། བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་ཀྲུང་དབྱང་ཐུགས་བློ་བདེ་པོ་དང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་བདེ་སྐྱིད་སྐྲུན་པ། རྒྱལ་སའི་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་གྱི་དྲིན་ལན་འཇལ་བ་བཅས་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།