འཚོལ་བཤེར།   
藏文频道
2014ལོའི་ཟླ་10ཚེས་21ཉིན།
  • མི་དམངས་དྲ་བ།>>འཕྲིན་གསར་གཡུ་ཡི་མེ་ལོང་།

    ༄༅།།མཚོ་བོད་གཞུང་ལམ་ནི་གཏེར་ལེན་རྫོང་ཤིང་སྡེ་གྲོང་རྡལ་གྱི་ཚེ་སྲོག་ལམ་ཐིག་ལྟ་བུར་གྱུར་ཡོད་པ།

    མི་དམངས་དྲ་བའི་གསར་འགོད་པ། སྙིང་ལྕགས་རྒྱལ་གྱིས།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་15ཉིན། 14:08】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། ཟླ་༡༠ཚེས་༡༤ཉིན། མཚོ་བོད་གཞུང་ལམ་དང་ཁྲོད་བོད་གཞུང་ལམ་གྱི་གསར་འགོད་བཅར་འདྲི་ཚོགས་པ་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལེན་རྫོང་ཤིང་སྡེ་གྲོང་རྡལ་དུ་འབྱོར་རྗེས། བཅར་འདྲི་ཚོགས་པས་ཤིང་སྡེ་གྲོང་རྡལ་གྱི་ཏང་ཨུ་ཧྲུའུ་ཅི་གཞོན་པ་ཀྲང་ཅི་མེན་ལ་བཅའ་འདྲི་གནང་། ཀྲང་ཅི་མེན་གྱིས་མཚོ་བོད་གཞུང་ལམ་ནི་ཤིང་སྡེ་གྲོང་རྡལ་གྱི་འགྲིམ་འགྲུལ་ལམ་བུ་གལ་ཆེན་ཞིག་ཡིན་པ་མ་ཟད། ཤིང་སྡེ་གྲོང་རྡལ་གྱི་ཚེ་སྲོག་ལམ་ཐིག་ལྟ་བུར་གྱུར་ཡོད་དེ། སྤྱིར་གཏེར་ལེན་རྫོང་ཤིང་སྡེ་གྲོང་རྡལ་དུ་ལྕགས་ལམ་དང་མཁའ་འགྲུལ་སོགས་ཀྱི་དེང་རབས་འགྲུལ་ལམ་མེད་ཕྱིར། དེ་སྔོན་ཆད་རྟ་དང་གཡག་སོགས་ལ་བརྟེན་ནས་དངོས་ཟོག་ནང་འདྲེན་དང་ཕྱིར་འཚོང་བྱེད་ཀྱི་ཡོད། རྗེས་སུ་མཚོ་བོད་གཞུང་ལམ་སྐྲུན་རྗེས། གཞུང་ལམ་རྒྱུད་ཀྱི་མང་ཚོགས་རྣམས་ལ་འགྲིམ་འགྲུལ་གྱི་མཐུན་རྐྱེན་ལེགས་པོ་སྐྲུན་པས་དཔལ་འབྱོར་འཕེལ་རྒྱས་ཆེན་པོ་བྱུང་ཡོད། གྲོང་རྡལ་སྲིད་གཞུང་གིས་ཀྱང་གོ་སྐབས་སམ་རེ་བའི་འགྲུལ་ལམ་འདི་ཉིད་ཀྱི་ཕན་འབྲས་བཀོད་སྤྱོད་ལེགས་པོ་བྱས་ནས་ས་གནས་ཀྱི་ཁྱད་ལྡན་ཐོན་དངོས་དག་མཚོ་བོད་གཞུང་ལམ་གྱི་འགྲུལ་ལམ་འདི་ལ་བརྟེན་ནས་རྫོང་དང་གྲོང་ཁྱེར། དེ་བཞིན་ཞིང་ཆེན་གཞན་དུ་བྲིན་འཚོང་བྱས་ཡོད་པ་མ་ཟད། ཕྱི་ཕྱོགས་ཀྱི་དངོས་ཟོག་གསར་པའང་མཚོ་བོད་གཞུང་ལམ་འདི་ལ་བརྟེན་ནས་ནང་འདྲེན་བྱེད་ཀྱི་ཡོད་པས། མཚོ་བོད་གཞུང་ལམ་འདི་ཉིད་ང་ཚོའི་གྲོང་རྡལ་འདི་ལ་མཚོན་ན་ཚེ་སྲོག་ལ་མཁོ་བའི་གསོ་རླུང་ལྟ་བུར་གྱུར་ཡོད་ཅེས་བསྟན།
      

    ཕྱོགས་བསྡུས་གསར་འགྱུར།