འཚོལ་བཤེར།   
藏文频道
2014ལོའི་ཟླ་10ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུན་ནན་ཅིང་གུ་རྫོང་དུ་བྱུང་བའི་ས་ཡོམ་གྱིས་མི་ཁྲི་༡༢ལྷག་གི་འཚོ་བར་གནོད་སྐྱོན་བཟོས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་09ཉིན། 09:24】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཡུན་ནན་ཅིང་གུ་རྫོང་དུ་བྱུང་བའི་ས་ཡོམ་གྱིས་མི་ཁྲི་༡༢ལྷག་གི་འཚོ་བར་གནོད་སྐྱོན་བཟོས་པ།
         མི་དམངས་དྲ་བའི་འཕྲིན། པེ་ཅིང་གི་དུས་ཚོད་༢༠༡༤ལོའི་ཟླ་༡༠ཚེས་༧ཉིན་གྱི་ཆུ་ཚོད་༢༡དང་སྐར་མ་༤༩ཐོག་ཡུན་ནན་ཞིང་ཆེན་ཕུའུ་ཨེར་གྲོང་ཁྱེར་ཅིང་གུ་ཏའེ་རིགས་དབྱིས་རིགས་རང་སྐྱོང་རྫོང་དུ་ས་ཡོམ་རིམ་པ་༦.༦བྱུང་བ་དང་། ཡོམ་གནས་ཀྱི་གཏིང་ཚད་ལ་སྤྱི་ལེ་༥ཡོད་པ་རེད། ཚེས་༨ཉིན་གྱི་ཆུ་ཚོད་༡༥བར་དུ། ས་ཡོམ་བྱུང་ཁུལ་གྱི་མི་༡ཚེ་ལས་འདས་པ་དང་། མི་༣༢༤ལ་རྨས་ཕོག་པ། ཁང་པ་༦༩༨༨ལ་རྡིབ་སྐྱོན་བྱུང་སྟེ་རྫོང་༼ཁུལ་༽ལྔའི་མང་ཚོགས་ཁྲི་༡༢.༤༦གི་འཚོ་བར་གནོད་སྐྱོན་བཟོས་པ་རེད།
    【1】  【2】  【3】  【4】
    ༄༅།།ཡུན་ནན་ཅིང་གུ་རྫོང་དུ་བྱུང་བའི་ས་ཡོམ་གྱིས་མི་ཁྲི་༡༢ལྷག་གི་འཚོ་བར་གནོད་སྐྱོན་བཟོས་པ།
      

    ཕྱོགས་བསྡུས་གསར་འགྱུར།