འཚོལ་བཤེར།   
藏文频道
2014ལོའི་ཟླ་10ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་ཕྱོགས་སྡོམ་ཚོགས་འདུ་
    པེ་ཅིང་དུ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་09ཉིན། 09:34】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
    ༄༅།།ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་ཕྱོགས་སྡོམ་ཚོགས་འདུ་
པེ་ཅིང་དུ་འཚོགས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་༡༠ཚེས་༨ཉིན། ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་ཕྱོགས་སྡོམ་ཚོགས་འདུ་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ལྷན་གྱི་ཀྲུའུ་ཞི་ཞིས་ཅིན་ཕིང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་གནང་། ཁོང་གིས་ཐེངས་འདིའི་སློབ་གསོ་ལག་ལེན་བྱེད་སྒོས་ང་ཚོས་གནས་བབ་གསར་པའི་འོག་ནན་ཏན་ངང་ཏང་འཛུགས་སྐྱོང་བྱེད་པའི་ཁྱད་ཆོས་དང་ཆོས་ཉིད་འཚོལ་ཞིབ་བྱེད་པའི་ཐད་སྣེ་ཁྲིད་རང་བཞིན་གྱི་ནུས་པ་བསྩལ་ཡོད། ནན་ཏན་ངང་ཏང་འཛུགས་སྐྱོང་བྱ་རྒྱུ་ནི་མིག་མཐོང་ལག་ཟིན་གྱི་ལས་དོན་ཞིག་ཡིན་པ་ལས་ཁ་བཤད་ཙམ་གྱི་ལས་དོན་ཞིག་མིན་ཞེས་གསུངས། 
         དུས་མཚམས་གཉིས་སུ་དབྱེ་པའི་ལག་ལེན་བྱེད་སྒོ་འདི་༢༠༡༣ལོའི་ཟླ་༦པ་ནས་བཟུང་སྤེལ་འགོ་ཚུགས་པ་དང་། མིག་སྔར་བྱེད་སྒོ་མཇུག་སྒྲིལ་ཡོད། བྱེད་སྒོ་སྤེལ་རིང་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན། ལས་བྱེད་པ་རྣམས་ཀྱིས་ཀྲུང་དབྱང་གི་ཡར་སྐུལ་ལྟར་བྱེད་སྒོར་གཙིགས་མཐོང་གལ་ཆེན་གནང་སྟེ་ཕྱི་ཚུལ་རིང་ལུགས་དང་། དཔོན་ཉམས་རིང་ལུགས། སྐྱིད་འདོད་རིང་ལུགས། བག་མེད་ཆུད་ཟོས་ཀྱི་སྤྱོད་ངན་བཞིར་ངོ་རྒོལ་བྱེད་པ་སོགས་ཀྲུང་དབྱང་གི་དགོངས་དོན་ཁག་ལག་ལེན་དོན་འཁྱོལ་དཔྱིས་ཕྱིན་པ་ཞིག་བྱས་ཏེ་སྔོན་དཔག་གི་དམིགས་ཚད་ལ་སླེབས་ནས་གྲུབ་འབྲས་བཟང་པོ་ཐོབ་ཡོད་པ་རེད།
         ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལི་ཁེ་ཆང་དང་། ཀྲང་ཏེ་ཅང་། ཡུས་ཀྲེང་ཧྲེང་། ཝང་ཆི་ཧྲན། ཀྲང་ཀའོ་ལི་བཅས་ཚོགས་འདུར་ཞུགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ་ཀྲུང་དབྱང་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་འགོ་ཁྲིད་ཚོགས་ཆུང་གི་འགོ་ཁྲིད་ལིའུ་ཡུན་ཧྲན་གྱིས་ཚོགས་འདུར་གཙོ་སྐྱོང་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།