འཚོལ་བཤེར།   
藏文频道
2014ལོའི་ཟླ་10ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ཞིས་ཅིན་ཕིང་གིས་ཡུན་ནན་གྱི་ས་ཡོམ་ཐད་མཛུབ་སྟོན་གལ་ཆེན་གནང་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་09ཉིན། 08:56】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
         མི་དམངས་དྲ་བའི་འཕྲིན། པེ་ཅིང་གི་དུས་ཚོད་༢༠༡༤ལོའི་ཟླ་༡༠ཚེས་༧ཉིན་གྱི་ཆུ་ཚོད་༢༡དང་སྐར་མ་༤༩ཐོག་ཡུན་ནན་ཞིང་ཆེན་ཕུའུ་ཨེར་གྲོང་ཁྱེར་ཅིང་གུ་རྫོང་དུ་ས་ཡོམ་རིམ་པ་༦.༦་བརྒྱབ་པ་དང་། ཡོམ་གནས་ཀྱི་གཏིང་ཚད་ལ་སྤྱི་ལེ་༥ཡོད་པ་རེད། ཚེས་༨ཉིན་གྱི་ཆུ་ཚོད་༡༥བར། ས་ཡོམ་གྱི་གོད་ཆག་ཁྲོད་མི་༡ཚེ་ལས་འདས་པ་དང་། མི་༣༢༤ལ་རྨས་ཕོག་པ། ཁང་པ་༦༩༨༨ལ་རྡིབ་སྐྱོན་བྱུང་སྟེ་རྫོང་༼ཁུལ་༽ལྔའི་མང་ཚོགས་ཁྲི་༡༢.༤༦ལ་གནོད་འཚེ་ཐེབས་ཡོད་པ་རེད།
         ས་ཡོམ་བརྒྱབ་རྗེས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ལྷན་གྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་གཙིགས་མཐོང་གལ་ཆེན་གནང་སྟེ་མཛུབ་སྟོན་གནང་བ་འདི་ལྟར། འབྲེལ་ཡོད་ས་ཁུལ་དང་སྡེ་ཚན་གྱིས་ནུས་ཤུགས་ཡོད་རྒུས་རྨས་མ་མྱུར་སྐྱོར་བྱེད་དགོས་པ་དང་། ས་གནས་སུ་བཅའ་སྡོད་བྱས་པའི་མི་དམངས་བཅིངས་འགྲོལ་དམག་དང་དྲག་ཆས་དམག་དཔུང་སོགས་འབྲེལ་ཡོད་ཕྱོགས་ཁག་རྣམས་ལམ་སེང་གནོད་སེལ་རྒུད་སྐྱོབ་ཀྱི་ལས་སུ་ཞུགས་ཏེ་མང་ཚོགས་ཉེན་སེལ་དང་བདེ་འགོད་ཡག་པོ་བྱེད་དགོས། དེ་བཞིན་འཕྲོ་ལུས་ས་ཡོམ་ལ་ཞིབ་དཔྱད་ཚད་ལེན་བྱས་ནས་ས་ཡོམ་གྱི་སྔོན་བརྡ་དུས་ཐོག་ཏུ་གཏོང་དགོས་པ་མ་ཟད། ས་ཡོམ་རྒྱག་ཁུལ་གྱི་མང་ཚོགས་རྣམས་བདེ་འཇགས་ངང་དགུན་སྒྲོལ་བྱེད་ཐུབ་པ་བྱ་དགོས།
         ཞིས་ཅིན་ཕིང་དང་ལི་ཁེ་ཆང་གི་མཛུབ་སྟོན་ལྟར། རྒྱལ་ཁབ་གནོད་འཚེ་ཉུང་གཏོང་ཨུ་ལྷན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཡོམ་འགོག་གནོད་སེལ་བཀོད་འདོམས་པུས་ལམ་སེང་མཉམ་འབྲེལ་ལས་དོན་ཚོགས་ཆུང་བཙུགས་ནས་ས་ཡོམ་རྒྱག་ཁུལ་དུ་ཕེབས་ཏེ་ཡོམ་འགོག་རྒུད་སྐྱོབ་ཀྱི་ལས་དོན་ལ་བཀོད་སྒྲིག་དང་མཛུབ་ཁྲིད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།