འཚོལ་བཤེར།   
藏文频道
2014ལོའི་ཟླ་9ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།སྐབས་དང་པོའི་གཞིས་རྩེའི་རིག་གནས་འཕེལ་རྒྱས་གླེང་སྟེགས་གཞིས་རྩེར་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 09ཚེས་02ཉིན། 11:32】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།སྐབས་དང་པོའི་གཞིས་རྩེའི་རིག་གནས་འཕེལ་རྒྱས་གླེང་སྟེགས་གཞིས་རྩེར་འཚོགས་པ།
         མི་དམངས་དྲ་བའི་འཕྲིན། བོད་ལྗོངས་གཞིས་རྩེ་ས་ཁུལ་གྱི་རིག་གནས་ཐོན་ལས་འཕེལ་རྒྱས་གཏོང་རྒྱུའི་འགག་མདོའི་ཚོད་འཛིན་སྒྲོལ་ཐབས་དང་། རིག་གནས་ཐོན་ལས་འཕེལ་རྒྱས་གཏོང་རྒྱུའི་ཐབས་ལམ་གསར་པ་ཞིབ་དཔྱད། རིག་གནས་ཐོན་ལས་ཚན་རིག་དང་མཐུན་པའི་སྒོ་ནས་གོང་དུ་འཕེལ་བར་མཛུབ་སྟོན་བཅས་བྱེད་ཆེད། ཟླ་8ཚེས་27ཉིན་སྐབས་དང་པོའི་གཞིས་རྩེའི་རིག་གནས་ཐོན་ལས་འཕེལ་རྒྱས་གླེང་སྟེགས་དེ་གཞིས་རྩེ་གྲོང་ཁྱེར་དུ་འཚོགས་པ་རེད།
         རིག་གནས་འཕེལ་རྒྱས་གླེང་སྟེགས་ཐོག་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ་ཟུར་བ་དང་། ཀྲུང་གོའི་མི་རིགས་ལོ་རྒྱུས་སློབ་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུང་གོའི་ལོ་རྒྱུས་རིག་པ་ཞིབ་འཇུག་ལྷན་ཚོགས་ཀྱི་ལས་འཛིན་པ། ཅན་ཆའོ་སློབ་ཆེན་གྱི་འཚམས་འདྲིའི་མཁས་པ་བཅས་ཡིན་པའི་པ་སངས་དབང་འདུས་དང་། བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དང་། འབུམ་རམས་པ་རྗེས་ཀྱི་ཞིབ་འཇུག་པ། སློབ་གསོ་པུའི་དུས་རབས་གསར་པའི་ཕུལ་བྱུང་ཤེས་ལྡན་མི་སྣ་བཅས་ཡིན་པའི་འབྱོར་དགའ། བོད་ལྗོངས་སློབ་ཆེན་སྒྱུ་རྩལ་སློབ་གླིང་གི་ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན་དང་འབུམ་རམས་པ་སྤེན་པ་དབང་འདུས་སོགས་མཁས་པ་ཁག་ཅིག་གིས་གཞིས་རྩེའི་རིག་གནས་ཐོན་ལས་འཕེལ་རྒྱལ་གཏོང་རྒྱུའི་སྐོར་གླེང་སྟེགས་འཚོགས་ས་དངོས་སུ་རྟོག་དཔྱོད་དང་ཐབས་འདོན་ཇུས་འདོན་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།