འཚོལ་བཤེར།   
藏文频道
2014ལོའི་ཟླ་9ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།དམངས་འཚོ་འགན་སྲུང་བྱུང་བས་མང་ཚོགས་ཀྱི་བདེ་སྐྱིད་ཚད་གཞི་མཐོ་རུ་ཕྱིན་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 09ཚེས་02ཉིན། 10:51】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་ནང་བོད་ལྗོངས་ཀྱིས་དམངས་ཕན་གྱི་བྱ་ཐབས་ཟམ་མི་ཆད་པར་བཟུང་སྟབས། ཉིན་རེ་བཞིན་འཐུས་སྒོ་ཇེ་ཚང་དུ་འགྲོ་བའི་སྤྱི་ཚོགས་འགན་སྲུང་གིས་མི་རིགས་ཁག་གི་མང་ཚོགས་ས་ཡ་གསུམ་ལྷག་ཙམ་ཀྱི་བདེ་སྐྱིད་ཀྱི་ཚད་གཞི་ཉིན་རེ་བཞིན་མཐོ་རུ་འགྲོ་གི་ཡོད་པ་རེད།
        བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དུ་བོད་རིགས་བུ་མོ་པ་སངས་སྒྲོལ་དཀར་མི་རིང་བའི་གོང་དངོས་སུ་སྤྱི་སྤྱོད་རླངས་འཁོར་གྱི་ཁ་ལོ་བར་བསྒྱུར་ཡོད་པ་རེད།
        ད་ཆ་གཞི་རྩེ་གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་ཉིན་རེ་བཞིན་མང་དུ་འགྲོ་གི་ཡོད་མོད། འོན་ཀྱང་སྤྱི་སྤྱོད་རླངས་འཁོར་གྱི་ཁ་ལོ་བ་གསོ་སྦྱོང་བྱེད་པའི་གླ་རིན་སྒོར་༥༠༠༠ལྷག་དགོས་ཀྱི་ཡོད་ཅིང་། དངུལ་འབོར་དེ་གཞོན་ནུ་མང་པོ་ཞིག་གི་ངོས་ནས་བཤད་ན། གྲངས་ཚད་ཉུང་ཉུང་ཞིག་མ་ཡིན། པ་སངས་སྒྲོལ་དཀར་ལྟ་བུའི་གཞོན་ནུ་རྣམས་ལ་ལག་ཤེས་སྣེ་གཅིག་འཇགས་ཐུབ་པ་བྱེད་ཆེད། ལོ་འདི་ཤར་བ་ནས་བཟུང་གཞིས་རྩེ་གྲོང་ཁྱེར་གྱིས་རིགས་སྣ་ཚོགས་ཤིག་གླ་རིན་མི་དགོས་པའི་གསོ་སྦྱོང་འཛིན་གྲྭ་གཉེར་ཏེ། སྤྱི་སྤྱོད་རླངས་འཁོར་དང་ས་འདྲུ་འཕྲུལ་འཁོར་སོགས་ཚུད་པའི་བོད་ལྗོངས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་དམིགས་པའི་ངལ་རྩོལ་འཇོན་ནུས་བསླབ་ཡོད་པ་རེད།
        ཉེ་བའི་ལོ་གཉིས་ནང་། བོད་ལྗོངས་ཀྱིས་ལོ་ལྟར་གྲོང་ཁྱེར་དང་གྲོང་གསེབ། ཤང་བཅས་ཀྱི་གྲོང་མིར་རིན་པ་མི་དགོས་པར་གཟུགས་གཞི་བརྟག་དཔྱད་བྱེད་པ་དང་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་ལམ་ལུགས་གསར་པ་ཡང་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། བོད་ལྗོངས་ཀྱི་ཐག་རིང་ས་ཁུལ་གྱི་ཤང་དང་གྲོང་རྡལ་༦༡༨ཀྱི་འཕྲོད་བསྟེན་ཁང་ལ་ད་དུང་འཁོར་སྐྱོད་ཞབས་ཞུའི་རླངས་འཁོར་བཀོད་སྒྲིག་བྱས་ཡོད་པ་རེད།
        ཉེ་བའི་ལོ་གསུམ་ནང་། བོད་ལྗོངས་ཀྱི་ནོར་སྲིད་འགྲོ་གྲོན་གྱི་བརྒྱ་ཆ་༧༠ཡན་དམངས་འཚོའི་ཐད་བེད་སྤྱོད་བྱེད་ཀྱི་ཡོད་ཅིང་ལྗོངས་དེ་ཡོངས་སུ་ཆུ་དང་གློག གཞུང་ལམ། འཕྲིན་གཏོང་། རླུང་འཕྲིན་བརྙན་འཕྲིན་སོགས་རྣམ་གྲངས་བརྒྱད་གྲོང་གསེབ་ལ་ཁྱབ་པ་བྱས་སྟབས། ས་མཐོའི་མང་ཚོགས་ཀྱི་བདེ་སྐྱིད་ཚད་གཞི་ཟམ་མི་ཆད་པར་མཐོ་རུ་ཕྱིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།