འཚོལ་བཤེར།   
藏文频道
2014ལོའི་ཟླ་9ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་དབྱང་ཏང་གི་སློབ་གྲྭས་སྟོན་དུས་ཀྱི་སློབ་དུས་འགོ་རྩོམ་པའི་མཛད་སྒོ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 09ཚེས་02ཉིན། 10:32】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
    ༄༅།།ཀྲུང་དབྱང་ཏང་གི་སློབ་གྲྭས་སྟོན་དུས་ཀྱི་སློབ་དུས་འགོ་རྩོམ་པའི་མཛད་སྒོ་འཚོགས་པ།
        མི་དམངས་དྲ་བའི་འཕྲིན། ཟླ་༩ཚེས་༡ཉིན་གྱི་སྔ་དྲོར་ཀྲུང་དབྱང་ཏང་གི་སློབ་གྲྭས་༢༠༡༤ལོའི་སྟོན་དུས་ཀྱི་སློབ་དུས་འགོ་རྩོམ་པའི་མཛད་སྒོ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ་ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་གཙོ་ལིའུ་ཡུན་ཧྲན་མཛད་སྒོའི་ཐོག་ཏང་ཡོན་ལས་བྱེད་པ་རྣམས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་སློབ་སྟོན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་ནན་ཏན་བསྟར་བ་དང་། ནན་པོ་གསུམ་དང་བདེན་པ་གསུམ་གྱི་ནང་དོན་གཏིང་ཟབ་པོ་དང་བླང་བྱ་བྱེ་བྲག་པའི་གོ་བ་ཟབ་ལེན་བྱས་ཏེ་བློ་སྦྱོང་ནན་པོ་དང་། དབང་སྤྱོད་ནན་པོ། རང་གཅུན་ནན་པོ་གསུམ་དང་། དོན་གཉེར་བདེན་པ་དང་། ལས་སྒོ་གསར་གཏོད་བདེན་པ། མི་བདེན་པ་གསུམ་བཅས་བྱས་ནས་གུང་ཁྲན་ཏང་མིའི་བླ་ན་མེད་པའི་ལས་འགན་ལེགས་འགྲུབ་སྔར་ལས་ལེགས་པར་བྱ་དགོས་ཞེས་ནན་བཤད་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།