འཚོལ་བཤེར།   
藏文频道
2014ལོའི་ཟླ་9ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་སུ་དེང་རབས་ལས་རིགས་སློབ་གསོའི་མ་ལག་རགས་ཙམ་ཆགས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 09ཚེས་02ཉིན། 10:54】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། གསར་འགོད་པས་རང་སྐྱོང་ལྗོངས་སློབ་གསོ་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན།ད་ཕན་ལོ་ཤས་རིང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལས་རིགས་སློབ་གསོའི་སྒྱུར་བཅོས་འཕེལ་རྒྱས་ཐད་ཚད་མཐོའི་མཐོང་ཆེན་བྱས་ནས་ལས་རིགས་སློབ་གསོའི་རྨང་གཞིའི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་འཕེལ་རྒྱས་གནས་བབ་གཏན་འཁེལ་བྱས་ཏེ་ལས་རིགས་སློབ་གསོ་འཕེལ་རྒྱས་མགྱོགས་སུ་གཏོང་བའི་བྱེད་ཕྱོགས་དང་།སྲིད་ཇུས།བྱ་ཐབས་བཅས་རབ་དང་རིམ་པ་བཟོས་ནས་ལས་རིགས་སློབ་གསོ་སྐྱོན་བྲལ་དང་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་བས་ལས་རིགས་སློབ་གསོའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་རེད།
        ལས་རིགས་སློབ་གསོར་མ་དངུལ་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་ཤེས་ལྡན་མི་སྣའི་གསོ་སྐྱོང་མ་ལག་རིམ་བཞིན་འཐུས་ཚང་དུ་བཏང་ཞིང་།“ལོ་ལྔ་ཚན་བཅུ་གཅིག་པ་ནས་བཟུང་ལྗོངས་ཡོངས་ཀྱིས་ལས་རིགས་སློབ་གསོ་འཕེལ་རྒྱས་གཏོང་ཆེད་ཁྱོན་མ་དངུལ་སྒོར་དུང་ཕྱུར་25.4བཏང་ཡོད་པ་རེད།བོད་ལྗོངས་ལས་རིགས་སློབ་གསོའི་སློབ་གླིང་རྒྱ་བསྐྱེད་བསྐྱར་སྐྲུན་ལས་གྲྭ་དང་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭའི་རྨང་གཞིའི་ནུས་པ་འཛུགས་སྐྲུན་ལས་གྲྭ་ལག་ལེན་བསྟར་བས་ལས་རིགས་སློབ་གསོའི་སློབ་གཉེར་ཆ་རྐྱེན་ལེགས་སུ་ཆེས་ཆེར་ཕྱིན་ཡོད་པ་རེད།ལྗོངས་ཡོངས་སུ་ད་ལྟ་མཐོ་རིམ་ལས་རིགས་སློབ་གྲྭ་དང་སློབ་གླིང་1དང་འབྲིང་རིམ་ལས་རིགས་སློབ་གྲྭ་9ཡོད་པར་སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་ཁྲི་2.3ལྷག་ཙམ་ཟིན་པ་དང་།རྫོང་རིམ་པའི་ལས་རིགས་སློབ་གསོའི་ལྟེ་གནས་74ཡོད་པར་ལོ་རེར་མི་ཐེངས་ཁྲི་3ལྷག་ཙམ་གསོ་སྦྱོང་བྱེད་ཀྱི་ཡོད།ལས་རིགས་སློབ་གསོའི་ཁ་གཏད་རོགས་སྐྱོར་ཐད་ཚད་བརྒལ་བྱུང་ཡོད་པ་དང་།ནང་སའི་ཞིང་ཆེན(གྲོང་ཁྱེར)12ཀྱི་རྒྱལ་ཁབ་རིམ་པའི་གཙོ་གནད་འབྲིང་རིམ་ལས་རིགས་སློབ་གྲྭ་48དུ་ནང་སའི་བོད་ལྗོངས་འབྲིང་རིམ་ལས་རིགས་འཛིན་གྲྭ་གཉེར་ཡོད་པ་དང་སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་4600ཙམ་ཟིན་གྱི་ཡོད་པ་རེད།
        སློབ་མའི་རོགས་སྐྱོར་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་ཞིང་།འབྲིང་རིམ་ལས་རིགས་སློབ་གསོའི་ཐད་སློབ་ཡོན་རྩ་ཆག་དང་འཚོ་སྣོན་རོགས་དངུལ་སྲིད་ཇུས་ལག་ལེན་བསྟར་ནས་ཁྱབ་ཚད་100%ཟིན་ཡོད་པ་དང་།མཐོ་རིམ་ལས་རིགས་སློབ་མར་རྩ་ཆག་དང་ཁ་གསབ་སྲིད་ཇུས་དང་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་དང་།སློབ་སྐྱོར་རོགས་དངུལ།སློབ་སྐྱོར་དངུལ་བུན་སོགས་ལོངས་སྤྱོད་ཐུབ་པ་དང་རོགས་སྐྱོར་ཐོབ་ཁྱོན་60%ཡན་ཟིན་ཡོད་པ་རེད།མཐོ་རིམ་ལས་རིགས་སློབ་གྲྭ་སྣེ་འདྲེན་དུ་བྱེད་པ་དང་།འབྲིང་རིམ་ལས་རིགས་སློབ་གྲྭ་གཙོ་གནད་དུ་བྱས་ཏེ་ལས་རིགས་སློབ་རྒྱུས་སློབ་གསོ་དང་ལས་རིགས་ལག་རྩལ་གསོ་སྦྱོང་མཉམ་སྤྱོད་བྱེད་པའི་བོད་ཀྱི་དེང་རབས་ལས་རིགས་སློབ་གསོའི་མ་ལག་ཅིག་རགས་ཙམ་ཆགས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།