འཚོལ་བཤེར།   
藏文频道
2014ལོའི་ཟླ་9ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲོན་བོད་དང་མཚོ་བོད་གཞུང་ལམ་ཤར་གཏོང་ཐུབ་ནས་
    ལོ་ངོ་༦༠འཁོར་བར་གལ་ཆེའི་མཆན་བཀོད་མཛུབ་སྟོན་གནང་བར་ལན་ཆ་དྲག་པོ་བྱུང་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 09ཚེས་02ཉིན། 10:50】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། ད་ལོ་ནི་མཚོ་བོད་གཞུང་ལམ་དང་ཁྲོན་བོད་གཞུང་ལམ་བསྐྲུན་གྲུབ་ནས་ལོ་ངོ་༦༠འཁོར་ཅིང་། ཉེ་ཆར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གལ་ཆེའི་མཆན་བཀོད་མཛུབ་སྟོན་གནང་བ་དེར་རྒྱལ་ཡོངས་ས་གནས་ཁག་དང་སྡེ་ཁག་ལ་ལན་ཆ་དྲག་པོ་བྱུང་ཡོད་པ་རེད།
        ལོ་ངོ་༦༠ལྷག་སོང་རིང་། གཞུང་ལམ་གཉིས་ཀྱི་སྙིང་སྟོབས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་ཡོད་ལ། བོད་ལྗོངས་ཀྱི་འགྲིམ་འགྲུལ་ལ་ཡང་ཉིན་རེ་བཞིན་འགྱུར་ལྡོག་གསར་པ་བྱུང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་མཆན་བཀོད་མཛུབ་སྟོན་གྱི་ཕན་འབྲས་ཐད་ཀར་ལོངས་སྤྱོད་བྱེད་རྒྱུ་བྱུང་བའི་བོད་ལྗོངས་དང་མཚོ་སྔོན། སི་ཁྲོན་བཅས་ས་ཁུལ་གསུམ་ལ་བསམ་བློའི་སྒུལ་ཤུགས་ཆེན་པོ་ཞིག་བྱུང་ཡོད་པ་རེད། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་སི་ཁྲོན་དང་མཚོ་སྔོན་གྱི་གཞུང་ལམ་གཉིས་ནི་མི་ཡུལ་ལ་དྭངས་གཙང་གི་མཇལ་དར་གཉིས་བསྒྲོན་པ་དང་མཚུངས་ཤིང་། བོད་ལྗོངས་དང་མེས་རྒྱལ་ཁྱིམ་ཚང་ཆེན་པོ་གཉིས་དམ་པོར་འབྲེལ་ཡོད། མིག་སྔར་ལྷ་སས་ལྟེ་གནས་བྱས་པ་དང་གཞུང་གསུམ་དང་། ཕྲེད་གཉིས། ཤུལ་ལམ་དྲུག་བཅས་ཀྱིས་གཞི་རྐང་བྱས་པའི་གཞུང་ལམ་འགྲིམ་འགྲུལ་གྱི་དྲ་བ་ཞིག་ཆགས་ཟིན་པ། གཞུང་ལམ་འགྲིམ་འགྲུལ་སྐྱེལ་འདྲེན་གྱིས་གཙོ་བོ་བྱས་པའི་ལྕགས་ལམ་དང་དམངས་སྤྱོད་མཁའ་འགྲུལ། སྦྲགས་སྲིད་བཅས་ཀྱིས་རམ་འདེགས་བྱས་པའི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་ཅིག་གཞི་རྩའི་ཆ་ནས་གྲུབ་ཟིན་ཡོད་ཅེས་གསུངས་འདུག
        མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་མཚོ་སྔོན་ཀྱི་བོད་རིགས་ས་ཁུལ་དང་དབུས་རྒྱུད་ས་ཁུལ། ཤར་རྒྱུད་ས་ཁུལ་། དེ་བཞིན་ལྷོ་ནུབ་ས་ཁུལ་དང་ནུབ་བྱང་ས་ཁུལ་བཅས་བར་གྱི་སྐྱེལ་འདྲེན་ལམ་བུ་ཤར་གཏོང་ཐུབ་པ་བྱེད་དགོས་ཞེས་བསྟན་ཡོད་པ་རེད།
        ཧྲན་ཏུང་དང་ཧོ་པེ། ཅང་སུའུ། ལེའོ་ཉིང་། ནང་སོག ཧུའུ་ན་སོགས་སྤུན་ཟླའི་ཞིང་ལྗོངས་དང་གྲོང་ཁྱེར་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཁག་གིས་ཀྱང་གཞུང་ལམ་གཉིས་ཀྱི་སྙིང་སྟོབས་སློབ་སྦྱོང་བྱེད་པའི་ནང་ཞུགས་ཤིང་། ཁོང་ཚོས་གཅིག་མཇུག་གཉིས་མཐུད་ངང་བོད་ལྗོངས་ཀྱི་འགྲེམ་འགྲུལ་སྐྱེལ་འདྲེན་བྱ་གཞག་ཐད་མ་རྩ་དང་ཤེས་ལྡན་མི་སྣ། ལག་རྩལ། རྣམ་གྲངས། དོ་དམ་སོགས་ཐད་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བཤད་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།