འཚོལ་བཤེར།   
藏文频道
2014ལོའི་ཟླ་9ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་
    གྲོས་ཚོགས་ཐེངས་བཅུ་པ་གྲོལ་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 09ཚེས་02ཉིན། 10:29】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        ཟླ་༨ཚེས་༣༡ཉིན་གྱི་ཕྱི་དྲོར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་པ་པེ་ཅིན་མི་དམངས་ཚོགས་ཁང་ཆེ་མོར་གྲོལ་ཞིང་། གྲོས་ཚོགས་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྔོན་རྩིས་སྐོར་གྱི་བཅའ་ཁྲིམས་ལ་བཟོ་བཅོས་བྱས་པའི་སྐོར་གྱི་ཆོད་དོན་དང་། ཉེན་མེད་ཐོན་སྐྱེད་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས་ལ་བཟོ་བཅོས་བྱས་པའི་སྐོར་གྱི་ཆོད་དོན། འགན་བཅོལ་བཅའ་ཁྲིམས་སོགས་བཅའ་ཁྲིམས་ལྔར་བཟོ་བཅོས་བྱས་པའི་སྐོར་གྱི་ཆོད་དོན་བཅས་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་ཞིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་ཨང་༡༢པ་དང་། ༡༣པ། ༡༤པ་བཅས་ལ་མཚན་རྟགས་བཀོདདེ་ཁྱབ་བསྒྲགས་གནང་བ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་འགོ་འདོམས་ཡོངས་ཁྱབ་ཏུ་འདེམས་བསྐོ་བྱ་རྒྱུའི་གནད་དོན་དང་༢༠༡༦ལོའི་ཁྲིམས་བཟོའི་ལྷན་ཚོགས་འབྱུང་ཐབས་སྐོར་གྱི་ཆོད་དོན་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་བ་རེད། ཨུ་ཡོན་ཀྲང་ཀྲང་ཏེ་ཅང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།