འཚོལ་བཤེར།   
藏文频道
2014ལོའི་ཟླ་9ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།ལིའུ་ཡུན་ཧྲན་གྱིས་པེ་ཅིན་རྒྱལ་སྤྱིའི་དཔེ་དེབ་དངོས་མང་སྟོན་ཚོགས་ལ་གཟིགས་སྐོར་གནང་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 09ཚེས་02ཉིན། 10:26】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
    ༄༅།།ལིའུ་ཡུན་ཧྲན་གྱིས་པེ་ཅིན་རྒྱལ་སྤྱིའི་དཔེ་དེབ་དངོས་མང་སྟོན་ཚོགས་ལ་གཟིགས་སྐོར་གནང་བ།
        མི་དམངས་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིའུ་ཡུན་ཧྲན་གྱིས་སྐབས་༢༡པའི་པེ་ཅིན་རྒྱལ་སྤྱིའི་དཔེ་དེབ་དངོས་མང་སྟོན་ཚོགས་ལ་གཟིགས་སྐོར་གནང་སྐབས་དཔེ་སྐྲུན་འཐབ་ཕྱོགས་ཀྱིས་འཛམ་གླིང་ཧྲིལ་པོར་དམིགས་པའི་མིག་རྒྱང་བཅངས་ཏེ་བསྒྱུར་བཅོས་ཀྱི་སྙིང་སྟོབས་དར་སྤེལ་དང་གསར་གཏོད་ཀྱི་འདུ་ཤེས་འཛིན་ཤུགས་ཆེ་རུ་བཏང་སྟེ་རིག་གནས་རང་རྟོགས་དང་རང་གི་རིག་གནས་ལ་ཡིད་ཆེས་པའི་སྒོ་ནས་ཀྲུང་གོའི་གཏམ་རྒྱུད་ལེགས་པར་བཤད་པ་དང་ཀྲུང་གོའི་སྐད་སྒྲ་ཁྱབ་སྤེལ་ལེགས་པར་བྱས་ཐོག་མི་དམངས་མང་ཚོགས་ཀྱི་ཉིན་རེ་བཞིན་ཆེ་རུ་འགྲོ་བཞིན་པའི་བསམ་པའི་རིག་གནས་དགོས་འདུན་སྐོང་ཆེད་དང་། ཀྲུང་ཧྭའི་རིག་གནས་ཕྱིར་སྐྱོད་པར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།