མི་དམངས་དྲ་བ།

༄༅༎ཧན་ཀྲེང་གིས་སྣོད་བཅུད་ཁོར་ཡུག་པུའི་བཞུགས་མོལ་ཚོགས་འདུའི་ཐོག་ནན་བཤད་གནང་དོན། སྣོད་བཅུད་
སླར་གསོ་དང་ཁོར་ཡུག་སྲུང་སྐྱོང་གནས་བབ་དེ་བས་གལ་ཆེ་སར་བཞག་ནས་སྣོད་བཅུད་ཤེས་དཔལ་
འཛུགས་སྐྱོང་སླར་ཡང་ཆུ་ཚད་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་15ཉིན། 10:01】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་གིས་ཚེས་13ཉིན་འཚོགས་པའི་སྣོད་བཅུད་ཁོར་ཡུག་པུའི་བཞུགས་མོལ་ཚོགས་འདུའི་ཐོག་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་འབྲེལ་བ་ཡོད་པའི་གཙོ་གནད་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད།
     ཧན་ཀྲེང་གིས། ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་དགོངས་པ་ལག་བསྟར་གཏིང་ཟབ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དོན་འཁྱོལ་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་གཞིར་བཟུང་སྣོད་བཅུད་སླར་གསོ་དང་ཁོར་ཡུག་སྲུང་སྐྱོང་དེ་གནས་བབ་དེ་བས་གལ་ཆེ་སར་བཞག་ནས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་སླར་ཡང་ཆུ་ཚད་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། “ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་དམིགས་ཚད་དང་གཙོ་གནད་ལས་འགན་ཚན་རིག་དང་མཐུན་པའི་སྒོ་ནས་གཏན་འཁེལ་དང་། ཁ་ཕྱོགས་མི་འགྱུར་བ་དང་ཤུགས་ཚད་མི་ཉམས་པ་མཐའ་འཁྱོངས། གཏིང་ཚད་རིང་དུ་གཏོང་བ་དང་ཁྱབ་ཚད་ཆེ་རུ་གཏོང་བ། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་མུ་མཐུད་ཡག་པོ་རྒྱག་པ་བཅས་བྱས་ཏེ་འགག་རྩའི་ཁྱབ་ཁོངས་དང་འགག་རྩའི་དམིགས་ཚད་ཐད་ཚད་བརྒལ་གསར་པ་ཡོང་བ་བྱེད་དགོས། རང་རྒྱལ་གྱི་དབྱང་གཉིས་ཐཱན་འགྱུར་འབུད་ཚད་མཐོ་ཤོས་ཀྱི་དམིགས་ཚད་དོན་འཁྱོལ་དང་ཐཱན་སྙོམ་སྦྱོར་གྱི་འདུན་པར་དམིགས་ཏེ“ལོ་ལྔ་ཚན་བཅུ་བཞི་པའི”གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་ཆེད་དོན་འཆར་འགོད་སྒྲིག་འཛུགས་བྱས་ན་རྩོམ་བཟོ་བྱེད་པ་དང་དབྱང་གཉིས་ཐཱན་འགྱུར་འབུད་ཚད་མཐོ་ཤོས་ཀྱི་བྱ་སྤྱོད་འཆར་གཞི་བཟོས་ནས་རྒྱལ་ཡོངས་ཀྱི་ཐཱན་ཁྲོམ་ར་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་གོ་ལ་ཧྲིལ་པོའི་གནམ་གཤིས་བཅོས་སྒྲིག་ནང་ཧུར་ཐག་ཞུགས་དགོས། སྣོད་བཅུད་ཁོར་ཡུག་མ་ལག་ནུས་པ་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་ཁོར་ཡུག་ལྟ་ཞིབ་ཚད་ལེན་དང་ཕྱོགས་བསྡུས་ཁྲིམས་སྐྱོང་སོགས་དཔུང་ཁག་གི་སྒྲིག་ཆས་དང་ལག་རྩལ་འགན་ལེན་ཆུ་ཚད་མཐོ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

  
style="display:none;"