མི་དམངས་དྲ་བ།

༄༅༎རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕྱི་རྒྱལ་དུ་བཅའ་སྡོད་གཞུང་ཚབ་ཆེ་མོ་བའི་གོ་གནས་བསྐོ་འཐེན་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་05ཉིན། 14:45】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས་གཞིར་བཟུང་གཤམ་གསལ་གྱི་ཕྱི་རྒྱལ་དུ་བཅའ་སྡོད་གཞུང་ཚབ་ཆེ་མོ་བའི་གོ་གནས་བསྐོ་འཐེན་གནང་བ་སྟེ།
     གཅིག ཏུའུ་ཝུའེ་ཡི་ཡུག་རེན་དུ་བཅའ་སྡོད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེད་བསྐོས་དབང་ཆ་ཆ་ཚང་ཡོད་པའི་གཞུང་ཚབ་ཆེ་མོ་བའི་གོ་གནས་ཕྱིར་འཐེན་བྱ་རྒྱུ་དང་།
     ཧྥན་ཤན་རུང་ཡུག་རེན་དུ་བཅའ་སྡོད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེད་བསྐོས་དབང་ཆ་ཆ་ཚང་ཡོད་པའི་གཞུང་ཚབ་ཆེ་མོ་བར་བསྐོ་གཞག་བྱ་རྒྱུ།
     གཉིས། ཀྲན་ཡུང་ཤིན་གྱི་དབྱི་སི་རལ་དུ་བཅའ་སྡོད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེད་བསྐོས་དབང་ཆ་ཆ་ཚང་ཡོད་པའི་གཞུང་ཚབ་ཆེ་མོ་བའི་གོ་གནས་ཕྱིར་འཐེན་བྱ་རྒྱུ་དང་།
     ཏུའུ་ཝུའེ་དབྱི་སི་རལ་དུ་བཅའ་སྡོད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེད་བསྐོས་དབང་ཆ་ཆ་ཚང་ཡོད་པའི་གཞུང་ཚབ་ཆེ་མོ་བར་བསྐོ་གཞག་བྱ་རྒྱུ།
     གསུམ། ལིན་ལིན་གྱི་སི་ལོ་ཝ་ཁེ་ཡ་སྤྱི་མཐུན་རྒྱལ་ཁབ་ཏུ་བཅའ་སྡོད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེད་བསྐོས་དབང་ཆ་ཆ་ཚང་ཡོད་པའི་གཞུང་ཚབ་ཆེ་མོ་བའི་གོ་གནས་ཕྱིར་འཐེན་བྱ་རྒྱུ་དང་།
     སུན་ལི་ཅེ་སི་ལོ་ཝ་ཁེ་ཡ་སྤྱི་མཐུན་རྒྱལ་ཁབ་ཏུ་བཅའ་སྡོད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེད་བསྐོས་དབང་ཆ་ཆ་ཚང་ཡོད་པའི་གཞུང་ཚབ་ཆེ་མོ་བར་བསྐོ་གཞག་བྱ་རྒྱུ་བཅས་རེད།

  
style="display:none;"