མི་དམངས་དྲ་བ།

༄༅༎ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་05ཉིན། 14:39】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     “བརྟན་པོ་དྲུག”གི་ལས་དོན་མཐུན་སྦྱོར་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་རིམས་ནད་ཀྱི་ཤུགས་རྐྱེན་ལ་ཁ་གཏད་ནུས་ལྡན་ བཅག་སྟེ་དཔལ་འབྱོར་དང་སྤྱི་ཚོགས་བརྟན་པོའི་ངང་འཁོར་སྐྱོད་ཐུབ་རྒྱུར་སྐུལ་འདེད་གཏོང་རྒྱུའི་བཀོད་སྒྲིག་གནང་བ།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ཟླ་3ཚེས་3ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས“བརྟན་པོ་དྲུག”གི་ལས་དོན་མཐུན་སྦྱོར་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་རིམས་ནད་ཀྱི་ཤུགས་རྐྱེན་ལ་ཁ་གཏད་ནུས་ལྡན་བཅག་སྟེ་དཔལ་འབྱོར་དང་སྤྱི་ཚོགས་བརྟན་པོའི་ངང་འཁོར་སྐྱོད་ཐུབ་རྒྱུར་སྐུལ་འདེད་གཏོང་བ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་དང་མྱུར་སྐྱེལ་སོགས་ཟོག་འགྲེམས་ལས་རིགས་ཀྱིས་དཀའ་ངལ་ཁྱད་བསད་ཀྱིས་སླར་གསོ་འཕེལ་རྒྱས་མགྱོགས་མྱུར་བྱ་རྒྱུར་རྒྱབ་སྐྱོར་བྱེད་ཐབས་གཏན་འཁེལ་བྱེད་པ། ས་གནས་ནོར་སྲིད་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་གཞི་རྩའི་དམངས་འཚོ་དང་། གླ་ཕོགས། འཁོར་རྒྱུག་བཅས་ཀྱི་འགན་ལེན་ནུས་པ་ཆེ་རུ་གཏོང་རྒྱུ་བཅས་བཀོད་སྒྲིག་གནང་བ་རེད།
     ཚོགས་འདུའི་ཐོག་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་གཞིར་བཟུང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བར། ངེས་པར་དུ་དེ་བས་དམིགས་ས་ཡོད་པའི་སྒོ་ནས་ལས་ཞུགས་བརྟན་པོ་དང་། དངུལ་རྩ་བརྟན་པོ། ཕྱི་ཕྱོགས་ཉོ་ཚོང་བརྟན་པོ། མ་འཇོག་བརྟན་པོ། སྔོན་དཔག་བརྟན་པོ་བཅས་ཀྱི་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ། རིམས་ནད་ཀྱིས་དཔལ་འབྱོར་འཁོར་རྒྱུག་ལ་ཤུགས་རྐྱེན་བཟོ་རྒྱུར་ཁ་གཏད་ནུས་ལྡན་གཅོག་དགོས། སྤྱི་ཁོག་སྲིད་ཇུས་དང་། ཕྱི་ཕྱོགས་ཚོང་དོན་དང་ཕྱི་ཕྱོགས་མ་དངུལ། དངུལ་རྩ་བརྟན་པོ་བཅས་ཀྱི་མཐུན་སྦྱོར་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ནུས་པ་ལྡན་ལ་གོ་ཆོད་པའི་ཁ་གཏད་གཅོག་ཐབས་འཕྲལ་དུ་བཟོ་བ། ནང་གནས་སྒུལ་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ལོ་ཧྲིལ་པོའི་དཔལ་འབྱོར་འཁོར་རྒྱུག་ལུགས་མཐུན་བར་མཐོངས་ནང་རྒྱུན་འཁྱོངས་བྱེད་དགོས།
     ཚོགས་འདུའི་ཐོག་བསྟན་དོན། འགྲིམ་འགྲུལ་སྐྱེལ་འདྲེན་དང་མྱུར་སྐྱེལ་སོགས་ཟོག་འགྲེམས་ལས་རིགས་མགྱོགས་མྱུར་ལས་འགོ་འཛུགས་པ་དང་ཐོན་སྐྱེད་སླར་གསོ་ཐུབ་རྒྱུར་སྐུལ་འདེད་བཏང་ནས་འཕེལ་རྒྱས་བརྟན་པོ་ཡོང་བ་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་ལ་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱེད་དགོས་པ་མ་ཟད། དཔལ་འབྱོར་འཁོར་རྒྱུག་འགོག་མེད་ཤར་བགྲོད་ཐུབ་པ་བྱས་ནས་དམངས་འཚོའི་དགོས་མཁོ་སྐོང་དགོས། དེར་བརྟེན། གཅིག་ནས་ཁུལ་དབྱེ་རིམ་དབྱེ་དང་གནད་སྨིན་དང་གོ་རིམ་ལྡན་པའི་སྒོ་ནས་འབྲེལ་ཡོད་ཁེ་ལས་ལས་འགོ་བསྐྱར་འཛུགས་བྱ་རྒྱུར་ཁྲིད་སྟོན་བྱེད་དགོས་པ་དང་འབྲེལ་ལུགས་དང་མི་མཐུན་པའི་ལས་འགོ་བསྐྱར་འཛུཌ་ཀྱི་ཞིབ་མཆན་མེད་པར་བཟོ་དགོས། ལས་འགོ་བསྐྱར་འཛུགས་ཐད་མཁོ་བའི་ཁ་རས་སོགས་རིམས་འགོག་མཁོ་ཆས་མཐུན་སྦྱོར་འགན་ལེན་ཡག་པོ་བྱེད་དགོས། གཉིས་ནས་དུས་མཚམས་རང་བཞིན་གྱི་སྒོ་ནས་ཁྲལ་རིན་གཉིས་གཅོག་བྱེད་ཤུགས་ཆེ་རུ་གཏོང་དགོས། གཏན་འཁེལ་གྱི་དུས་བཅད་ནང་ན་ནིང་ལོ་མཇུག་ཏུ་དུས་བཅད་ཐིམ་པའི་ཚོང་ཟོག་ཆེ་གྲས་ཀྱི་མཛོད་ཁང་ས་ཆ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་ས་ཆ་བེད་སྤྱོད་ཐད་དཔྱ་ཁྲལ་ཆག་ཡང་དང་ཕྱེད་ཆག་ཡང་གི་སྲིད་ཇུས་མུ་མཐུད་ལག་བསྟར་བྱེད་དགོས། གསུམ་ནས་འགན་བཅོལ་ཀུང་སིས་འགན་བཅོལ་དུས་བཅད་རིང་དུ་གཏོང་བ་དང་རྒྱུན་མཐུད་འགན་བཅོལ་གྲོན་དངུལ་གཏའ་འཇོག་འཐེན་འཕྲི་སོགས་ཀྱི་བྱེད་ཐབས་སྤྱོད་རྒྱུར་སྐུལ་ལྕག་བྱས་ཏེ། རིམས་ནད་རིང་སྐྱེལ་འདྲེན་བྱེད་མཚམས་བཞག་པའི་འཁོར་རིགས་དང་། གྲུ་གཟིངས། གནམ་གྲུ་བཅས་ཀྱི་འགན་བཅོལ་གྲོན་དངུལ་ཆག་ཡང་འོས་འཚམ་གཏོང་དགོས། གྲོན་བསྡུའི་གཞུང་ལམ་དུ་ལམ་རིན་སྤྲོད་མི་དགོས་པར་བསྐྱོད་པའི་རྗེས་མཐུད་རྒྱབ་སྐྱོར་འགན་ལེན་སྲིད་ཇུས་མགྱོགས་མྱུར་བཟོ་དགོས།
     ཚོགས་འདུའི་ཐོག་བསྟན་དོན། གཞི་རིམ་སྲིད་གཞུང་གི་གཞི་རྩའི་དམངས་འཚོ་འགན་ལེན་དང་། གླ་ཆ་འགན་ལེན། བརྒྱུད་སྐྱེལ་འགན་ལེན་བཅས་ལ་རྒྱབ་སྐྱོར་བྱེད་པ་ནི། མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་འགན་ལེན་བྱེད་པའི་རྩ་བའི་བླང་བྱ་ཞིག་རེད་ལ། སྲིད་གཞུང་གི་འགན་ནུས་དང་སྲིད་ཇུས་ཁག་ལག་བསྟར་བྱ་རྒྱུར་སྐུལ་འདེད་གཏོང་བའི་རྨང་གཞིའི་ཆ་རྐྱེན་ཞིག་ཀྱང་རེད། ཚོགས་འདུའི་ཐོག་གཅིག་ནས་དུས་མཚམས་རང་བཞིན་གྱི་སྒོ་ནས་ས་གནས་ནོར་སྲིད་ཀྱི་ཉར་སྤྱོད་བསྡུར་ཚད་མཐོ་རུ་གཏོང་དགོས་པ་དང་། གཉིས་ནས་གཏོང་སྤྲོད་མ་དངུལ་མགྱོགས་མྱུར་གཤམ་སྤྲོད་བྱས་ཏེ་ས་གནས་ཁག་གིས་སྔོན་ལ་རིམས་ནད་སྔོན་འགོག་ཚོད་འཛིན་དང“འགན་ལེན་གསུམ”ལ་སྤྱོད་པའི་གཏོང་སྒོ་དུས་ཐོག་དང་འདང་ངེས་སྤྲོད་རྒྱུར་མཛུབ་ཁྲིད་བྱེད་དགོས་པ། གསུམ་ནས་སྤྱིར་བཏང་རང་བཞིན་གྱི་གཏོང་སྒོ་འཕྲི་འཐེན་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དགོས་མཁོ་ཕུད། གཏོང་སྒོ་མང་དུ་གཏོང་བའི་སྲིད་ཇུས་གསར་པར་ཚོད་འཛིན་ནན་པོ་བྱེད་དགོས་པ་བཅས་ཀྱི་གཏན་འབེབས་བྱས་ཡོད།

  
style="display:none;"