མི་དམངས་དྲ་བ།

༄༅༎ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱིས་རྒྱ་ཆེའི་ཏང་ཡོན་ཁྲོད་རང་མོས་ཞལ་འདེབས་བརྒྱབ་ནས་ཏོག་གསར་
གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་རྒྱབ་སྐྱོར་གྱི་ལས་དོན་ཧུར་ཐག་སྤེལ་བ། 
ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་བློ་མཐུན་ཚོས་སྣེ་ཁྲིད་ནས་ཞལ་འདེབས་ཕུལ་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་04ཉིན། 12:19】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཕྱར་བ་གྲུ་འདེགས་ཀྱིས་དུས་སྐབས་ཀྱི་དཀའ་ངལ་ཁྱད་བསད་བྱེད། ཀུན་སེམས་གཅིག་སྒྲིལ་གྱིས་རིམས་ནད་ལས་རྣམ་པར་རྒྱལ། ཏོག་གསར་གློ་ཚད་རིམས་ནད་ཐོན་པ་ནས་བཟུང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྡེ་ཚན་ཁག་དང་ཚན་པ་ཁག་གིས་འཕྲལ་མར་བྱ་སྤྱོད་སྤེལ་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ནང་ཧུར་ཐག་ཞུགས་པ་དང་དུས་མཚུངས། རྒྱ་ཆེའི་ཏང་ཡོན་ཁྲོད་རང་མོས་ཞལ་འདེབས་བརྒྱབ་ནས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་རྒྱབ་སྐྱོར་གྱི་ལས་དོན་ཧུར་ཐག་སྤེལ་བ་རེད།
     རྒྱ་ཆེའི་ཏང་ཡོན་ཚོས་ཏང་ཀྲུང་དབྱང་གི་འབོད་སྐུལ་དང་ལེན་ཞུ་ཆེད། ཞི་ཅིན་ཕིང་སོགས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའི་བློ་མཐུན་ཚོས་ཉིན་ཤས་གོང་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་རྒྱབ་སྐྱོར་བྱེད་པའི་ཞལ་འདེབས་ཕུལ་བ་རེད།
     ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་བློ་མཐུན་གཞན་དག་དང་། དེ་བཞིན་འགོ་ཁྲིད་ཀྱི་ལས་གནས་ནས་རྒན་ཡོལ་ཞུས་པའི་བློ་མཐུན་རྒན་གྲས་ཀྱིས་ཀྱང་སྣེ་ཁྲིད་དེ་ཞལ་འདེབས་ཕུལ་ནས། རིམས་ནད་སྔོན་འགོག་ཚོད་འཛིན་དམག་འཐབ་ཀྱི་འཐབ་ས་དང་པོར་ལས་ཀ་བྱེད་མཁན་གྱི་སྨན་དོན་པ་དང་། གཞི་རིམ་ལས་བྱེད་པ་དང་མང་ཚོགས། སྤྱི་བདེ་མི་དམངས་ཉེན་རྟོག་པ། སྡེ་ཁུལ་ལས་དོན་པ་སོགས་ལ་ཐུགས་ཁུར་ཟབ་མོ་འཆང་ལུགས་མཚོན་པར་བྱས་པ་མ་ཟད། རྒྱ་ཆེའི་མི་དམངས་མང་ཚོགས་ཚོས་དཀའ་སྡུག་ལ་མི་སྐྲག་པ་དང་ཀུན་སེམས་གཅིག་སྒྲིལ་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་ཀྱི་དམག་འཁྲུག་དང་། སྤྱི་ཡོངས་ཀྱི་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་ལ་རྒྱལ་ཁ་ཧུར་ཐག་ལེན་དགོས་པའི་ལྕག་སྐུལ་ཡང་གནང་བ་རེད།
     ཉིན་ཤས་བསྟུད་མར། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྡེ་ཚན་ཁག་དང་ཚན་པ་ཁག་གི་ཏང་རྩ་འཛུགས་ཀྱིས་ཏང་ཡོན་སྒྲིག་འཛུགས་ཀྱིས་རང་མོས་ཞལ་འདེབས་བརྒྱབ་ནས་གཅེས་སེམས་འབུལ་བའི་བྱེད་སྒོ་སྤེལ་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་རྒྱབ་སྐྱོར་བྱས་པ་རེད། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་པ་དང་ལས་བཟོ་ཚོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། སྤྱི་ཚོགས་ལས་རིགས་ཁག་གི་སྒེར་སེམས་མེད་པའི་རོགས་སྐྱོར། མི་དམངས་མང་ཚོགས་ཀྱི་ཐུན་མོང་འབད་འཐབ་བཅས་ཀྱི་འོག ང་ཚོས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དམག་འཐབ་དྲག་པོར་རྒྱལ་ཁ་ལེན་ཐུབ་ངེས་རེད་ཅེས་གཅིག་མཇུག་གཉིས་མཐུད་ངང་བརྗོད་པ་རེད།

  
style="display:none;"