མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་པེ་ཅིང་དུ་ཏོག་གསར་གློ་ཚད་སྔོན་འགོག་ཚོད་འཛིན་གྱི་ཚན་ཞིབ་འགག་སྒྲོལ་ལས་དོན་ལ་རྟོག་ཞིབ་གནང་
སྐབས། ཏོག་གསར་གློ་ཚད་སྔོན་འགོག་ཚོད་འཛིན་གྱི་ཚན་ཞིབ་འགག་སྒྲོལ་ལ་མཐུན་སྦྱོར་ངང་སྐུལ་འདེད་བཏང་
ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་
ཚན་རྩལ་གྱི་འདེགས་སྐྱོར་མཁོ་འདོན་བྱེད་དགོས་ཞེས་ནན་བཤད་གནང་། 

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་03ཉིན། 12:58】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅༎ཞི་ཅིན་ཕིང་གིས་པེ་ཅིང་དུ་ཏོག་གསར་གློ་ཚད་སྔོན་འགོག་ཚོད་འཛིན་གྱི་ཚན་ཞིབ་འགག་སྒྲོལ་ལས་དོན་ལ་རྟོག་ཞིབ་གནང་
སྐབས། ཏོག་གསར་གློ་ཚད་སྔོན་འགོག་ཚོད་འཛིན་གྱི་ཚན་ཞིབ་འགག་སྒྲོལ་ལ་མཐུན་སྦྱོར་ངང་སྐུལ་འདེད་བཏང་
ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་
ཚན་རྩལ་གྱི་འདེགས་སྐྱོར་མཁོ་འདོན་བྱེད་དགོས་ཞེས་ནན་བཤད་གནང་།

     མི་དམངས་དྲ་བའི་འཕྲིན། ཚེས་2ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་ཏོག་གསར་གློ་ཚད་སྔོན་འགོག་ཚོད་འཛིན་གྱི་ཚན་ཞིབ་འགག་སྒྲོལ་ལས་དོན་ལ་རྟོག་ཞིབ་གནང་བ་དང་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཚན་ཞིབ་འགག་སྒྲོལ་མདུན་གྲལ་དུ་འབད་འཐབ་བྱེད་མཁན་རྒྱ་ཆེའི་ཚན་རྩལ་ལས་དོན་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་རེད། ཁོང་གིས་མིའི་རིགས་ཀྱིས་ནད་ཡམས་ལ་འཐབ་རྩོད་བྱེད་པར་ནུས་ཤུགས་ཆེ་ཤོས་ལྡན་པའི་མཚོན་ཆ་ནི་ཚན་རིག་ལག་རྩལ་ཡིན། མིའི་རིགས་ཀྱིས་གེགས་བར་ཆེན་པོ་དང་ནད་ཡམས་ཆེན་པོ་ལས་རྣམ་པར་རྒྱལ་བ་དེ་ཚན་རིག་གི་འཕེལ་རྒྱས་དང་ལག་རྩལ་གསར་གཏོད་དང་ཁ་འབྲལ་ཐབས་མེད། ཏོག་གསར་གློ་ཚད་སྔོན་འགོག་ཚོད་འཛིན་གྱི་ཚན་ཞིབ་འགག་སྒྲོལ་དེ་གལ་འགངས་ཆེ་ལ་དགོས་གཏུགས་ཆེ་བའི་ལས་འགན་ཞིག་ཏུ་བརྩིས་ནས་རིག་ཚན་མང་བའི་སྟོབས་ཤུགས་ཕྱོགས་བསྡུས་ཀྱིས་འགོ་ཁྲིད་གཅིག་གྱུར་དང་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ་དང་། ཚན་རིག་རང་བཞིན་མཐའ་འཁྱོངས་དང་བདེ་འཇགས་རང་བཞིན་འགན་ལེན་བྱེད་པའི་རྨང་གཞིའི་ཐོག་ཞིབ་འཇུག་གསར་སྤེལ་གྱི་འཕེལ་རིམ་མགྱོགས་སུ་གཏོང་བ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གཙོ་གནད་དང་དཀའ་གནད་ཀྱི་གནད་དོན་གང་མགྱོགས་སུ་སེལ་ནས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་དམག་འཐབ་དང་། སྤྱི་ཡོངས་ཀྱི་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་ལ་རྒྱལ་ཁ་ལེན་ཆེད་ཚན་རྩལ་གྱི་འདེགས་སྐྱོར་ཆེན་པོ་མཁོ་འདོན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད། 
     ཚེས་2ཉིན་གྱི་ཕྱི་དྲོར་ཞི་ཅིན་ཕིང་དང་ཐོག་དམག་དོན་གསོ་རིག་ཞིབ་འཇུག་ཁང་དུ་ཕེབས་ནས་ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཚན་ཞིབ་འགག་སྒྲོལ་སྐོར་གྱི་ཞིབ་འཇུག་ཁང་གི་སྤྱིའི་གནས་ཚུལ་སྙན་ཞུ་གསན་པ་དང་འགྲེམས་སྟོན་གསལ་བཤད་དང་དངོས་རྫས་ཟུང་འབྲེལ་ལ་བརྟེན། རིམས་འགོག་སྨན་ཁབ་དང་འགོག་གཟུགས་ཞིབ་བཟོ། སྨན་རྫས་གདམ་གསེས། ནད་དུག་གིས་ནད་གཞི་བཟོ་བའི་རྐྱེན་རྩ་ཞིབ་འཇུག ཚོད་ལྟའི་སྨན་རྫས་མགྱོགས་མྱུར་ཞིབ་དཔྱད་ཚད་ལེན་གྱི་ཞིབ་འཇུག་དང་བེད་སྤྱོད་སོགས་ཀྱི་འཕེལ་རིམ་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། དཔྱད་ཆས་ཚོད་ལྟའི་ཐོག་ཁང་དུ་ཞི་ཅིན་ཕིང་གིས་རིམས་ནད་ཚབས་ཆེན་གྱི་འཕྲལ་སྡོམ་སྔོན་འགོག་ཚོད་འཛིན་སྨན་རྫས་ཞིབ་འཇུག་ཁང་ལ་གཟིགས་ཞིབ་གནང་ནས་ལས་གནས་བརྟན་སྲུང་དང་ནུས་ཤུགས་ཡོད་རྒུས་འགག་སྒྲོལ་མདུན་གྲལ་གྱི་རིགས་གཅིག་མཁས་པ་དང་ཚན་ཞིབ་མི་སྣར་བྱམས་བརྩེའི་འཚམས་འདྲི་གནང་བ་རེད། ཁོང་གིས་དྲག་སྐྱེད་བྱུང་ཚད་མཐོ་རུ་གཏོང་བ་དང་ནད་ཀྱིས་ཤི་བའི་ཚད་དམའ་རུ་བཏང་སྟེ་མཐར་རིམས་ནད་ལས་རྣམ་པར་རྒྱལ་དགོས་ན་འགག་རྩ་ནི་ཚན་རྩལ་ལ་བརྟེན་དགོས་ཞེས་ནན་བཤད་གནང་བ་དང་། ཞི་ཅིན་ཕིང་གིས་ཏོག་གསར་གློ་ཚད་ཀྱི་རིམས་ནད་ཐོན་པ་ནས་བཟུང་། དམག་དོན་གསོ་རིག་ཞིབ་འཇུག་ཁང་གིས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཐབས་ཇུས་དང་མཛུབ་སྟོན་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ་བཀའ་ཐོས་མ་ཐག་བྱ་སྤྱོད་སྤེལ་བ་དང་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱས་ཏེ་སྟོབས་ཤུགས་གཅིག་སྡུད་ཀྱིས་འཕྲལ་སྡོམ་ཚན་ཞིབ་འགག་སྒྲོལ་བྱས་ནས་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་པ་དང་། མི་དམངས་དམག་དཔུང་གིས་ཏང་ལ་བློ་དཀར་སེམས་དཀར་དང་མི་དམངས་ལ་བློ་དཀར་སེམས་དཀར་བྱེད་པའི་ཆབ་སྲིད་ཀྱི་རང་གཤིས་དང་དམག་འཐབ་དྲག་པོ་རྒྱག་ཕོད་པ་དང་རྒྱལ་ཁ་ལེན་མཁས་པའི་སྤྱོད་ཚུལ་བཟང་པོ་གང་ལེགས་སུ་མངོན་ཡོད་ཅེས་གསུངས་པ་རེད། ཞི་ཅིན་ཕིང་གིས་ཁོང་ཚོས་ཡང་འབད་བསྐྱར་འབད་ཀྱིས་འཕྲལ་སྒྲུབ་རུ་ཁག་དང་གཙོ་ཤུགས་དམག་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་བདེ་འཇགས་དང་ནུས་ལྡན་གྱི་རིམས་འགོག་སྨན་ཁབ་དང་། སྨན་རྫས། ཞིབ་དཔྱད་ཚད་ལེན་ཚོད་རྫས་བཅས་གང་མགྱོགས་སུ་ཞིབ་བཟོ་བྱས་ནས་རིམས་ནད་འགོག་བཅོས་ཀྱི་དགོས་མཁོ་ནུས་ཤུགས་ཡོད་རྒུས་སྐོང་བ་དང་། རིམས་ནད་ཀྱི་ཕུགས་འདེད་ཐུབ་པ་དང་། བརྟག་དཔྱད་ཐུབ་པ། སྔོན་འགོག་ཐུབ་པ། སྨན་བཅོས་ཐུབ་པ། ཚོད་འཛིན་ཐུབ་པ་བཅས་ཀྱི་ཐད་མཉམ་ཤུགས་འགག་སྒྲོལ་མཐའ་འཁྱོངས་བྱས་ཏེ་དམག་འཐབ་དྲག་པོ་འདི་ལ་བརྟེན། རང་བདག་གི་ཤེས་བྱའི་བདག་དབང་ལྡན་པའི་ཡང་སྙིང་ཚན་རྩལ་སྔར་བས་མང་བ་ཁོང་དུ་ཆུད་པ་དང་། རྐང་འཛིན་ཐོན་རྫས་སྔར་བས་མང་པོ་བཏོན་ནས་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་སྲུང་སྐྱོང་དང་རྒྱལ་ཁབ་ཀྱི་འཐབ་ཇུས་བདེ་འཇགས་སྲུང་སྐྱོང་བྱ་ཆེད་ལེགས་སྐྱེས་སྔར་བས་ཆེན་པོ་འབུལ་དགོས་པའི་ཐུགས་རེ་གནང་བ་རེད།

【1】  【2】  【3】  【4】  【5】  【6】

༄༅༎ཞི་ཅིན་ཕིང་གིས་པེ་ཅིང་དུ་ཏོག་གསར་གློ་ཚད་སྔོན་འགོག་ཚོད་འཛིན་གྱི་ཚན་ཞིབ་འགག་སྒྲོལ་ལས་དོན་ལ་རྟོག་ཞིབ་གནང་
སྐབས། ཏོག་གསར་གློ་ཚད་སྔོན་འགོག་ཚོད་འཛིན་གྱི་ཚན་ཞིབ་འགག་སྒྲོལ་ལ་མཐུན་སྦྱོར་ངང་སྐུལ་འདེད་བཏང་
ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་
ཚན་རྩལ་གྱི་འདེགས་སྐྱོར་མཁོ་འདོན་བྱེད་དགོས་ཞེས་ནན་བཤད་གནང་།

  
style="display:none;"