མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་མཇལ་འཛོམས་ཐེངས་བཅུ་གཅིག་པར་ཕེབས་པ་
དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་16ཉིན། 11:08】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་14ཉིན། འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་མཇལ་འཛོམས་ཐེངས་བཅུ་གཅིག་པ་པར་ཙིར་གྱི་རྒྱལ་ས་པ་ཞི་ལི་ཡར་གནང་བ་རེད། པར་ཙིར་གྱི་ཙུང་ཐུང་པོ་སུའོ་ནཱ་ལུའོ་ཡིས་མཇལ་འཛོམས་གཙོ་སྐྱོང་གནང་བ་རེད། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་། རྒྱ་གར་གྱི་ཙུང་ལི་མོ་ཏི། ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ལཱ་མ་ཕུའུ་ས་བཅས་ཕེབས་ཤིང་། འདི་ནི་ཞི་ཅིན་ཕིང་གིས《ལག་གདང་སྦྲེལ་ནས་མཉམ་དུ་མཉམ་ལས་ཀྱི་ལེའུ་གསར་པ་ཧུར་ཐག་རྩོམ་དགོས》ཞེས་པ་འགོ་བརྗོད་དུ་འཁོད་པའི་གསུང་བཤད་གལ་ཆེན་གནང་བཞིན་པ།

ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་14ཉིན། འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་མཇལ་འཛོམས་ཐེངས་བཅུ་གཅིག་པ་པར་ཙིར་གྱི་རྒྱལ་ས་པ་ཞི་ལི་ཡར་གནང་བ་རེད། པར་ཙིར་གྱི་ཙུང་ཐུང་པོ་སུའོ་ནཱ་ལུའོ་ཡིས་མཇལ་འཛོམས་གཙོ་སྐྱོང་གནང་བ་རེད། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་། རྒྱ་གར་གྱི་ཙུང་ལི་མོ་ཏི། ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ལཱ་མ་ཕུའུ་ས་བཅས་ཕེབས་ཤིང་། འདི་ནི་ཞི་ཅིན་ཕིང་གིས《ལག་གདང་སྦྲེལ་ནས་མཉམ་དུ་མཉམ་ལས་ཀྱི་ལེའུ་གསར་པ་ཧུར་ཐག་རྩོམ་དགོས》ཞེས་པ་འགོ་བརྗོད་དུ་འཁོད་པའི་གསུང་བཤད་གལ་ཆེན་གནང་བཞིན་པ།

     ཕྱོགས་མང་རིང་ལུགས་དར་སྤེལ་གཏོང་བ་དང་འབྲེལ་ལག་ལེན་བསྟར་ནས་འབོ་གསེར་རྒྱལ་ཁབ་ཀྱི་བཟོ་ལས་གསར་བརྗེ་གསར་པའི་རོགས་ཟླའི་འབྲེལ་བར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཧུར་ཐག་གཏོད་དགོས་པའི་ནན་བཤད་གནང་བ།
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པ་ཞི་ལི་ཡ་ནས་ཟླ་11ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་14ཉིན། འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་མཇལ་འཛོམས་ཐེངས་བཅུ་གཅིག་པ་པར་ཙིར་གྱི་རྒྱལ་ས་པ་ཞི་ལི་ཡར་གནང་བ་རེད། པར་ཙིར་གྱི་ཙུང་ཐུང་པོ་སུའོ་ནཱ་ལུའོ་ཡིས་མཇལ་འཛོམས་གཙོ་སྐྱོང་གནང་བ་རེད། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་། རྒྱ་གར་གྱི་ཙུང་ལི་མོ་ཏི། ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ལ་མ་ཕུའུ་ས་བཅས་ཕེབས་ཡོད་པ་རེད། རྒྱལ་ཁབ་ལྔ་པོའི་འགོ་ཁྲིད་མི་སྣས“དཔལ་འབྱོར་འཕར་བ་བྱས་ནས་གསར་གཏོད་ཀྱི་འབྱུང་འགྱུར་གཏོད་དགོས་པའི”བརྗོད་དོན་གཙོ་བོར་གཞིགས་ནས་འབོ་གསེར་རྒྱལ་ཁབ་ཀྱི་མཉམ་ལས་དང་ཐུན་མོང་ཐོག་དོ་ཁུར་བྱེད་པའི་རྒྱལ་སྤྱིའི་གནད་དོན་གལ་ཆེན་ཐད་དགོངས་འཆར་སྤེལ་རེས་གཏིང་ཟབ་གནང་བ་དང་འབྲེལ་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་བྱུང་ཡོད་པ་རེད།
     ཞི་ཅིན་ཕིང་གིས《ལག་གདང་སྦྲེལ་ནས་མཉམ་དུ་མཉམ་ལས་ཀྱི་ལེའུ་གསར་པ་ཧུར་ཐག་རྩོམ་དགོས》ཞེས་པ་འགོ་བརྗོད་དུ་འཁོད་པའི་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་འབོ་གསེར་རྒྱལ་ཁབ་ཀྱིས་འཁུར་དགོས་པའི་འགན་འཁྲི་འཁུར་སེམས་མངོན་པར་བྱེད་པ་དང་ཕྱོགས་མང་རིང་ལུགས་དར་སྤེལ་དང་ལག་ལེན་བསྟར་ནས་ཞི་བདེ་བརྟན་ལྷིང་གི་བདེ་འཇགས་ཁོར་ཡུག་གཏོད་དགོས་པ་དང་། སྒྱུར་བཅོས་གསར་གཏོད་ཀྱི་དུས་རབས་ཀྱི་གོ་སྐབས་དམ་འཛིན་བྱས་ནས་འབོ་གསེར་རྒྱལ་ཁབ་ཀྱི་བཟོ་ལས་གསར་བརྗེ་གསར་པའི་རོགས་ཟླའི་འབྲེལ་བར་སྐུལ་འདེད་གཏིང་ཟབ་གཏོང་དགོས། ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་བཏང་ནས་མི་ཆོས་རིག་གནས་སྤེལ་རེས་རྒྱ་ཁྱབ་དང་གཏིང་ཟབ་བྱེད་རྒྱ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ཀྲུང་གོས་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་སྤུས་ཚད་མཐོ་བའི་ངང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་བཏང་སྟེ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་ལས་དབང་གཅིག་མཐུན་འདུས་གྲུབ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།
     ཞི་ཅིན་ཕིང་གིས་ད་ཐེངས་ཀྱི་མཇལ་འཛོམས་ནི་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་དང་རྒྱལ་སྤྱིའི་དུས་བབ་ལ་རིམ་བཞིན་འགྱུར་ལྡོག་འགྲོ་བའི་འགག་རྩའི་དུས་སྐབས་སུ་བྱས་པ་ཞིག་རེད། ཚན་རྩལ་གསར་བརྗེ་གསར་པ་དང་ཐོན་ལས་གསར་སྒྱུར་འཕེལ་རྒྱས་འགྲོ་བཞིན་ཡོད། གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དར་རྒྱས་འགྲོ་བའི་རྣམ་པ་ལྡོག་ཐབས་མེད་པ་དེས་གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་མ་ལག་གསར་སྒྱུར་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད། མི་རྣམས་སེམས་ཁྲལ་བྱེད་དགོས་པ་ཞིག་ནི། སྲུང་སྐྱོང་རིང་ལུགས་དང་། ཕྱོགས་རྐྱང་རིང་ལུགས་ཀྱི་སྣང་ཚུལ་ཛ་དྲག་ཏུ་ཕྱིན་ནས་བཅོས་སྐྱོང་གི་མཚལ་ཡིག་དང་། འཕེལ་རྒྱས་ཀྱི་མཚལ་ཡིག ཡིད་ཆེས་ཀྱི་མཚལ་ཡིག་བཅས་འཕར་བ་ལས་ཆག་མེད་པས་འཛམ་གླིང་གི་དཔལ་འབྱོར་ཁྲོད་བརྟན་ལྷིང་མེད་པ་དང་གཏན་འཁེལ་མེད་པའི་རྒྱུ་རྐྱེན་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད། ལོ་བརྒྱའི་ནང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོའི་མདུན་དུ། འབོ་གསེར་རྒྱལ་ཁབ་ཀྱིས་དུས་རབས་ཀྱི་འཕེལ་ཕྱོགས་དང་བསྟུན་ནས་མི་དམངས་ཀྱི་རེ་འབོད་ལ་ལན་འདེབས་པ་དང་། འཁུར་དགོས་པའི་འགན་འཁྲི་འཁུར་བ། འཕེལ་རྒྱས་དོན་གཉེར་གྱི་འགྲོ་ལམ་ཐོག་བློ་བརྟན་འགྱུར་མེད་ངང་སྐྱོད། མཐུན་སྒྲིལ་མཉམ་ལས་ཀྱི་ལོ་རྒྱུས་ཀྱི་ལམ་བུའི་ཁྲོད་ལག་གདང་སྦྲེལ་ནས་མདུན་དུ་སྐྱོད་པ་བཅས་བྱས་ཏེ་མི་དམངས་ལ་བདེ་སྐྱིད་སྐྲུན་པ་དང་འཛམ་གླིང་འཕེལ་རྒྱས་ཡོང་བར་བྱེད་དགོས།
     གཅིག་ནས་ཞི་བདེ་བརྟན་ལྷིང་གི་བདེ་འཇགས་ཁོར་ཡུག་གཏོད་དགོས། འཛམ་གླིང་ཞི་བདེ་སྲུང་སྐྱོང་དང་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དམིགས་ཚད་ལ་བརྩི་བ་དང་། དྲང་གཞག་དྲང་བདེན་སྲུང་སྐྱོང་དང་གཉིས་ཁེ་གཉིས་ཕན་ལ་སྐུལ་འདེད་གཏོང་རྒྱུ་དམིགས་ཡུལ་དུ་འཛིན་པ། རྒྱལ་སྤྱིའི་བཅའ་ཁྲིམས་དང་ཀུན་གྱིས་ཁས་ལེན་པའི་རྒྱལ་སྤྱིའི་འབྲེལ་བ་གཞི་རྩའི་ཚད་གཞི་དང་རྨང་གཞིར་བརྩི་བ་བཅས་བྱས་ནས་ཕྱོགས་མང་རིང་ལུགས་དར་སྤེལ་གཏོང་བ་དང་འབྲེལ་ལག་ལེན་བསྟར་དགོས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་གྱི་དམིགས་ཡུལ་དང་རྩ་དོན་སྲུང་སྐྱོང་བྱེད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ལྟེ་བར་བྱས་པའི་རྒྱལ་སྤྱིའི་མ་ལག་སྲུང་སྐྱོང་བྱས་ནས་བཙན་དབང་རིང་ལུགས་དང་བཙན་དབང་ཆབ་སྲིད་ལ་ངོ་རྒོལ་བྱས་ཏེ་ས་འབྲེལ་ཆབ་སྲིད་ཀྱི་གླེང་མང་བའི་གནད་དོན་ཐག་གཅོད་ཀྱི་འཕེལ་རིམ་ནང་ཧུར་ཐག་ཞུགས་དགོས། འཐབ་ཇུས་འབྲེལ་གཏུག་དང་མཐུན་སྦྱོར་དམ་ཟབ་བྱེད་པ་དང་། འབོ་གསེར་རྒྱལ་ཁབ་ཀྱི་ཐུན་མོང་རེ་འདུན་མཚོན་པར་བྱས་ནས་རྒྱལ་སྤྱིའི་སྒྲིག་ལམ་དེ་བས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།
     གཉིས་ནས་སྒོ་དབྱེ་གསར་གཏོད་ཀྱི་འཕེལ་རྒྱས་ཀྱི་མདུན་ལམ་དོན་གཉེར་བྱེད་དགོས། འབོ་གསེར་རྒྱལ་ཁབ་ཀྱི་བཟོ་ལས་གསར་བརྗེ་གསར་པའི་རོགས་ཟླའི་འབྲེལ་བར་སྐུལ་འདེད་གཏིང་ཟབ་བཏང་ནས། ཚོང་དོན་མ་འཇོག་དང་། གྲངས་འཛིན་དཔལ་འབྱོར། མཉམ་སྦྲེལ་མཉམ་མཐུད་སོགས་ཀྱི་ཁྱབ་ཁོངས་སུ་མཉམ་ལས་ཀྱི་གྲུབ་འབྲས་རྒྱུན་ཆད་མེད་པར་བཏོད་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བ་བྱེད་དགོས། མཉམ་གྲོས་དང་། མཉམ་སྐྲུན། མཉམ་སྤྱོད་བཅས་ཀྱི་གོ་ལ་ཧྲིལ་པོ་བཅོས་སྐྱོང་གི་ལྟ་བ་དར་སྤེལ་ཧུར་ཐག་བཏང་ནས་གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་མ་ལག་གསར་སྒྱུར་ལ་སྐུལ་འདེད་གཏོང་དགོས། སྲུང་སྐྱོང་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ནས་འཛམ་གླིང་ཚོང་དོན་རྩ་འཛུགས་ལྟེ་བར་བྱས་པའི་ཕྱོགས་མང་ཚོང་དོན་སྒྲིག་གཞི་སྲུང་སྐྱོང་བྱས་ཏེ། རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་སྐད་ཆ་ཤོད་དབང་དང་ཤུགས་རྐྱེན་ནུས་པ་ཆེ་རུ་གཏོང་དགོས། འཕེལ་རྒྱས་ཀྱི་གནད་དོན་གོ་ལ་ཧྲིལ་པོའི་སྤྱི་ཁོག་སྲིད་ཇུས་སྒྲོམ་གཞིའི་ལྟེ་བའི་གནས་བབ་ལ་འཇོག་རྒྱུར་སྐུལ་འདེད་བཏང་ནས་2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་དང་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི《ཕ་རི་སིའི་གྲོས་ཆོད》དོན་འཁྱོལ་བརྟན་པོ་བྱས་ནས་དཔལ་འབྱོར་དང་། སྤྱི་ཚོགས། ཁོར་ཡུག་བཅས་ཀྱི་ཁྱབ་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཡོང་བ་བྱེད་དགོས།
     གསུམ་ནས་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་པའི་མི་ཆོས་རིག་གནས་སྤེལ་རེས་ལ་སྐུལ་འདེད་གཏོང་དགོས། མི་ཆོས་རིག་གནས་སྤེལ་རེས་རྒྱ་ཆེ་ཚད་དང་གཏིང་ཟབ་ཚད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། “འབོ་གསེར+”མཉམ་ལས་ལས་སྟེགས་སུ་བྱས་ཏེ་ཤེས་དཔལ་མི་འདྲ་བ་དང་རྒྱལ་ཁབ་མི་འདྲ་བའི་དབར་གྱི་སྤེལ་རེས་གླེང་མོལ་ལ་ཤུགས་སྣོན་བརྒྱབ་ནས་འབོ་གསེར་རྒྱལ་ཁབ་ཀྱི་གྲོགས་ཚོགས་དང་རོགས་ཟླའི་དྲ་བ་དེ་བས་རྒྱ་ཆེར་གཏོང་དགོས་ཞེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་ཀྲུང་གོས་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཚོང་ཟོག་དང་ཞབས་ཞུ་ནང་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ། ཕྱི་ཕྱོགས་མ་རྩ་ཁྲོམ་རར་ཞུགས་རྒྱ་ཆེ་རུ་གཏོང་བ། ཤེས་བྱའི་བདག་དབང་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཕྱོགས་ཀུན་དང་། རིམ་པ་མང་བ། ཁྱབ་ཁོངས་ཆེ་བ་བཅས་ཀྱི་ཕྱོགས་ཡོངས་སྒོ་དབྱེའི་རྣམ་པ་གསར་པ་ཆགས་པ་བྱ་རྒྱུ་ཡིན། ཀྲུང་གོས་མཉམ་གྲོས་དང་། མཉམ་སྐྲུན། མཉམ་སྤྱོད་བཅས་ཀྱི་རྩ་དོན་ལ་བརྩི་སྲུང་ཞུས་ཏེ་སྒོ་དབྱེ་དང་། ལྗང་མདོག སྤྱོད་གཙང་བཅས་ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ་སྤུས་ཚད་མཐོ་བའི་ངང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་ཡིན། ཀྲུང་གོས་རང་ཚུགས་རང་བརྟེན་གྱི་ཞི་བདེའི་ཕྱི་འབྲེལ་སྲིད་ཇུས་མུ་མཐུད་ལག་ལེན་བསྟར་བ་དང་རྒྱུན་སྲིང་ལྷོད་མེད་ངང་ཞི་བདེ་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པ་དང་། ལག་གདང་སྦྲེལ་ནས་མཉམ་དུ་མདུན་སྐྱོད་བྱེད་པའི་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པ། སྒོ་དབྱེ་བསྟུན་མཁས་དང་། གསར་གཏོད་འཕར་སྣོན། མཉམ་སྦྲེལ་མཉམ་མཐུད། མཉམ་ལས་གཉིས་ཕན་བཅས་ཀྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པ་བཅས་ལ་ཧུར་ཐག་གཞོལ་ནས་རྒྱལ་སྤྱིའི་འབྲེལ་བ་གསར་པ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་དམིགས་ཚད་ཕྱོགས་སུ་རྒྱུན་ཆད་མེད་པར་མདུན་སྐྱོད་བྱ་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།
     ཉིན་དེར། ད་དུང་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣས་སྒོ་རྒྱག་ཚོགས་འདུ་འཚོགས་པ་དང་། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་འབོ་གསེར་རྒྱལ་ཁབ་ཀྱིས་མཐུན་སྒྲིལ་མཉམ་ལས་བྱས་ཏེ་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་དང་རྒྱལ་སྤྱིའི་རྣམ་པར་རིམ་བཞིན་འགྱུར་ལྡོག་འགྲོ་བའི་འཕེལ་ཕྱོགས་དང་བསྟུན་པ་འདི་བལྟས་ན་སྟེས་དབང་ཡིན་ཡང་། དོན་དམ་དུ་ལོ་རྒྱུས་ཀྱི་ལྡོག་མེད་ཅིག་རེད། འབོ་གསེར་རྒྱལ་ཁབ་འཕེལ་རྒྱས་དང་སྟོབས་ཆེར་ཕྱིན་པ་དེས་རྒྱལ་སྤྱིའི་གནས་བབ་ལེགས་སྒྲིག་གི་མྱུར་ཚད་དང་། རྒྱ་ཆེ་ཚད། གཏིང་ཟབ་ཚད་བཅས་ལ་སྐུལ་ཁྲིད་ཐུབ་ནས་འཛམ་གླིང་གི་ཆབ་སྲིད་དང་དཔལ་འབྱོར་གྱི་ཁོར་ཡུག་ལ་རྩ་བ་ནས་འགྱུར་ལྡོག་གཏོང་བཞིན་ཡོད། རྒྱལ་ཁབ་གང་ཞིག་དང་ཐོག་མ་ནས་ཁྱད་དུ་འཕགས་པ་ཞིག་མེད་ལ། བྱ་ཐབས་གང་ཞིག་མི་གཞན་ལས་ལྷག་པའང་མེད། གོ་ལ་ཧྲིལ་པོའི་དུས་རབས་ནི་མི་ཁག་གཅིག་གིས་ཁག་གཅིག་ལ་ངོ་རྒོལ་བྱེད་པ་མིན་པར། མི་ཚང་མས་ཀུན་ལ་བདེ་སྐྱིད་སྐྲུན་པ་འདི་རེད། ཕྱོགས་མང་རིང་ལུགས་དར་སྤེལ་གཏོང་བའི་ལྟེ་བའི་དོན་སྙིང་ནི་རྒྱལ་སྤྱིའི་གནད་དོན་ལ་ཚང་མས་གྲོས་བསྡུར་བྱས་ནས་ཐག་གཅོད་བྱེད་དགོས་པ་ལས། རྒྱལ་ཁབ་གཅིག་གམ་ཡང་ན་རྒྱལ་ཁབ་ཁ་ཤས་ཀྱིས་བཤད་པར་བརྩི་བ་འདི་མིན། ཀྲུང་གོས་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་དགོས་ངེས་ཀྱི་སྒྱུར་བཅོས་ལ་རྒྱབ་སྐྱོར་བྱས་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་ལོངས་སུ་སྤྱོད་རྒྱུ་ཡོད་པའི“དམིགས་བསལ་དང་ཧེ་བག་གི་ཐོབ་ཐང”ཚུད་པའི་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་ལྟེ་བའི་རིན་ཐང་དང་གཞི་རྩའི་རྩ་དོན་མཐའ་འཁྱོངས་བྱེད་ཀྱི་ཡིན་ཞེས་ནན་བཤད་གནང་བ་རེད། ཞི་ཅིན་ཕིང་གིས་དར་རྒྱས་གོང་འཕེལ་ཡོང་བར། སྔོན་ལ་བརྟན་ལྷིང་རྒྱུན་འཁྱོངས་བྱེད་དགོས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་ས་ཁུལ་མང་པོར་ཐོན་པའི་ཟིང་ཆར་ཕྱི་ཕྱོགས་ཀྱིས་ཐེ་ཇུས་བྱས་པ་དེས་མེ་འབར་བའི་སྒང་ལ་ཤིང་བཤགས་པའི་དཔེ་ལྟར་ཇེ་སྡུག་ཏུ་འགྲོ་གི་ཡོད། འབོ་གསེར་རྒྱལ་ཁབ་ཀྱིས་དོགས་ཟོན་ཆེར་སྐྱེད་བྱས་ནས་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་མཉམ་ལས་བྱས་ཏེ་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་བཅག་ནས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་དགོས། འབོ་གསེར་རྒྱལ་ཁབ་ཀྱིས་འགན་འཁྲི་འཁུར་སེམས་དང་ཁ་ཚ་དགོས་གཏུགས་ཀྱི་བསམ་པ་ཆེ་རུ་བཏང་སྟེ་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་སྐུལ་འདེད་བཏང་ནས་རྒྱལ་ཁབ་ལྔ་པོའི་མི་དམངས་དང་། རྒྱ་ཆེའི་གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་བཅས་ཀྱི་ཆེད་དེ་བས་འོད་སྟོང་འཕྲོ་བའི་འབྱུང་འགྱུར་གཏོད་དགོས་ཞེས་གསུངས་པ་རེད།
     པོ་སུའོ་ནཱ་ལུའོ་དང་། ཕུའུ་ཅིང་། མོ་ཏི། ལ་མ་ཕུའུ་ས་བཅས་ཀྱིས་མིག་སྔའི་དུས་བབ་ལ་གཏན་འཁེལ་མེད་པ་དང་བརྟན་ལྷིང་མེད་པའི་རྒྱུ་རྐྱེན་མང་དུ་ཕྱིན་ནས་སྲུང་སྐྱོང་རིང་ལུགས་དང་ཕྱོགས་རྐྱང་རིང་ལུགས་ཀྱི་སྣང་ཚུལ་ཐོན་འགོ་ཚུགས་ཏེ་རྒྱལ་ཁབ་ཁག་གི་བདག་དབང་དང་བདེ་འཇགས་ལ་ཉེན་ཁ་བཟོས་ཡོད། འབོ་གསེར་རྒྱལ་ཁབ་ཀྱིས་འཐབ་ཇུས་རོགས་ཟླའི་འབྲེལ་བའི་སྙིང་སྟོབས་ལ་གཞིགས་པ་དང་འབྲེལ་གཏུག་མཉམ་སྒྲུབ་ལ་ཤུགས་སྣོན་བརྒྱབ་སྟེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་གྱི་དམིགས་ཡུལ་དང་རྩ་དོན་དང་། རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ། འདྲ་མཉམ་དང་། ཡོངས་བསྒྲགས། སྒོ་དབྱེ་བཅས་ཀྱི་ཕྱོགས་མང་རིང་ལུགས་ཀྱི་ཚོང་དོན་སྒྲིག་གཞི་བཅས་སྲུང་སྐྱོང་བྱེད་པ་དང་འབྲེལ། གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་སྲུང་སྐྱོང་བྱེད་དགོས། རྒྱལ་ཁབ་ཁག་གིས་རང་བརྟེན་འཕེལ་རྒྱས་ཀྱི་འགྲོ་ལམ་གདམ་ག་བྱེད་པར་རྒྱབ་སྐྱོར་དང་། ཕན་ཚུན་བདག་དབང་ལ་བརྩི་འཇོག ཕྱི་ཕྱོགས་ཀྱི་ཐེ་ཇུས་ལ་ངོ་རྒོལ། རྒྱལ་ཁབ་སོ་སོའི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་སྲུང་སྐྱོང་། གླེང་མོལ་བརྒྱུད་རྩོད་གཞི་ཧུར་ཐག་སེལ་བ་བཅས་བྱས་ཏེ་རྒྱལ་སྤྱིའི་འཐབ་ཇུས་ཀྱི་བདེ་འཇགས་དང་བརྟན་ལྷིང་སྲུང་སྐྱོང་ལ་ནུས་པ་དེ་བས་ཆེ་བ་འདོན་སྤེལ་བྱེད་དགོས། རྒྱལ་ཁབ་ཁག་གིས་དེ་བས་མང་བ་དང་སྟབས་བདེའི་བྱེད་ཐབས་སྤྱད་དེ་ཕན་ཚུན་དབར་ཚོང་དོན་དང་མ་དངུལ་འཇོག་ཤུགས་ཆེ་རུ་གཏོང་བ་དང་ཚན་རིག་གསར་གཏོད་དང་། གྲངས་འཛིན་དཔལ་འབྱོར། ནུས་རྒྱུ། དངུལ་རྩ། མཉམ་སྦྲེལ་མཉམ་མཐུད། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་དང་འབྲེལ་མི་ཆོས་རིག་གནས་སྤེལ་རེས་ལ་ཤུགས་སྣོན་རྒྱག་དགོས་ཞེས་གསུངས་པ་རེད།
     རྒྱལ་ཁབ་ལྔ་པོའི་འགོ་ཁྲིད་མི་སྣས་སེམས་ཤུགས་གཅིག་སྒྲིལ་གྱིས་འབོ་གསེར་རྒྱལ་ཁབ་ཀྱི་མཉམ་ལས་ལམ་སྲོལ་ལ་ཤུགས་སྣོན་བརྒྱབ་ནས། ཐུན་མོང་ཐོག་འཕེལ་རྒྱས་དང་དར་རྒྱས་ཡོང་བ་བྱེད་པར་མོས་མཐུན་གནང་བ་རེད།
     མཇལ་འཛོམས་གནང་རིང་། 《འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་མཇལ་འཛོམས་ཐེངས་བཅུ་གཅིག་པའི་པ་ཞི་ལི་ཡའི་བསྒྲགས་གཏམ》སྤེལ་བ་རེད།
     ཏིང་ཤུའེ་ཞང་དང་། དབྱང་ཅེ་ཁྲེ། ཝང་དབྱི། ཧོ་ལི་ཧྥུང་སོགས་མཇལ་འཛོམས་ལ་ཞུགས་ཡོད་པ་རེད།

ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་14ཉིན། འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་མཇལ་འཛོམས་ཐེངས་བཅུ་གཅིག་པ་པར་ཙིར་གྱི་རྒྱལ་ས་པ་ཞི་ལི་ཡར་གནང་བ་རེད། པར་ཙིར་གྱི་ཙུང་ཐུང་པོ་སུའོ་ནཱ་ལུའོ་ཡིས་མཇལ་འཛོམས་གཙོ་སྐྱོང་གནང་བ་རེད། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་། རྒྱ་གར་གྱི་ཙུང་ལི་མོ་ཏི། ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ལཱ་མ་ཕུའུ་ས་བཅས་ཕེབས་ཤིང་། འདི་ནི་རྒྱལ་ཁབ་ལྔ་པོའི་འགོ་ཁྲིད་མི་སྣས་ལྷན་ཞུགས་སྐུ་པར་སྒྲོན་བཞིན་པ།
ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་14ཉིན། འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་མཇལ་འཛོམས་ཐེངས་བཅུ་གཅིག་པ་པར་ཙིར་གྱི་རྒྱལ་ས་པ་ཞི་ལི་ཡར་གནང་བ་རེད། པར་ཙིར་གྱི་ཙུང་ཐུང་པོ་སུའོ་ནཱ་ལུའོ་ཡིས་མཇལ་འཛོམས་གཙོ་སྐྱོང་གནང་བ་རེད། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་། རྒྱ་གར་གྱི་ཙུང་ལི་མོ་ཏི། ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ལཱ་མ་ཕུའུ་ས་བཅས་ཕེབས་ཤིང་། འདི་ནི་རྒྱལ་ཁབ་ལྔ་པོའི་འགོ་ཁྲིད་མི་སྣས་ལྷན་ཞུགས་སྐུ་པར་སྒྲོན་བཞིན་པ།

  
style="display:none;"