མི་དམངས་དྲ་བ།

༄༅༎ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་15ཉིན། 10:55】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཅང་སུའུ་ཞང་ཧྲུའེ་ཐེན་ཅཱ་དབྱི་རྫས་འགྱུར་བཟོ་ལས་ཚད་ཡོད་ཀུང་སིའི“3·21”གི་འབར་གས་ལས་འཛོལ་ཧ་ཅང་ཚབས་ཆེན་གྱི་བརྟག་ དཔྱད་གནས་ཚུལ་སྐོར་གྱི་སྙན་སེང་དང་འགན་འཁྲི་རྩད་གཅོད་དང་ཞིབ་བཤེར་བརྟག་དཔྱད་ལས་དོན་སྤེལ་ཚུལ་སྐོར་གྱི་བརྡ་ཁྱབ་གསན་པ་ དང་། བདེ་འཇཌ་ཐོན་སྐྱེད་དང་ལྷག་དོན་དུ་ཉེན་ཁ་ཆེ་བའི་རྫས་འགྱུར་དངོས་རྫས་ཐོན་སྐྱེད་དོ་དམ་སོགས་ཀྱི་གནད་དོན་ལ་ཆེད་དོན་བཅོས་ སྒྲིག་བྱ་རྒྱུའི་བཀོད་སྒྲིག་གནང་བ། གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱས་པའི་རྣམ་གྲངས་ཀྱི་མ་དངུལ་དོ་དམ་འཐུས་སྒོ་ཚང་དུ་བཏང་ནས་མ་འཇོག་གོ་ཆོད་ལ་སྐུལ་འདེད་དང་ཉེན་ཁ་འགོག་ཟོན་ལ་ཤུགས་སྣོན་རྒྱག་རྒྱུའི་གཏན་འབེབས་གནང་བ།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་13ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས་ཅང་སུའུ་ཞང་ཧྲུའེ་ཐེན་ཅཱ་དབྱི་རྫས་འགྱུར་བཟོ་ལས་ཚད་ཡོད་ཀུང་སིའི“3·21”གི་འབར་གས་ལས་འཛོལ་ཧ་ཅང་ཚབས་ཆེན་གྱི་བརྟག་དཔྱད་གནས་ཚུལ་སྐོར་གྱི་སྙན་སེང་དང་འགན་འཁྲི་རྩད་གཅོད་དང་ཞིབ་བཤེར་བརྟག་དཔྱད་ལས་དོན་སྤེལ་ཚུལ་སྐོར་གྱི་བརྡ་ཁྱབ་གསན་པ་དང་། བདེ་འཇགས་ཐོན་སྐྱེད་དང་ལྷག་དོན་དུ་ཉེན་ཁ་ཆེ་བའི་རྫས་འགྱུར་དངོས་རྫས་ཐོན་སྐྱེད་དོ་དམ་སོགས་ཀྱི་གནད་དོན་ལ་ཆེད་དོན་བཅོས་སྒྲིག་བྱ་རྒྱུའི་བཀོད་སྒྲིག་གནང་བ། གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱས་པའི་རྣམ་གྲངས་ཀྱི་མ་དངུལ་དོ་དམ་འཐུས་སྒོ་ཚང་དུ་བཏང་ནས་མ་འཇོག་གོ་ཆོད་ལ་སྐུལ་འདེད་དང་ཉེན་ཁ་འགོག་ཟོན་ལ་ཤུགས་སྣོན་རྒྱག་རྒྱུའི་གཏན་འབེབས་གནང་བ་རེད།
     ཚོགས་འདུའི་ཐོག ཟླ་3ཚེས་21ཉིན་ཅང་སུའུ་ཞང་ཧྲུའེ་ཐེན་ཅཱ་དབྱི་རྫས་འགྱུར་བཟོ་ལས་ཚད་ཡོད་ཀུང་སིར་འབར་གས་ལས་འཛོལ་ཧ་ཅང་ཚབས་ཆེན་ཐོན་ནས་མི་སྣ་མང་པོ་ཤི་རྨས་དང་རྒྱུ་ནོར་ལ་གྱོང་གུན་ཆེན་པོ་ཕོག་སྟེ་མཇུག་འབྲས་ཧ་ཅང་ཚབས་ཆེན་བཟོས་ཡོད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚད་མཐོའི་མཐོང་ཆེན་བྱས་ནས་འཕྲལ་མར་ཉེན་སེལ་རོགས་སྐྱོབ་དང་། རྨས་མ་སྐྱོབ་བཅོས། ལས་འཛོལ་ལ་བརྟག་དཔྱད་དང་ཐག་གཅོད་སོགས་ཀྱི་ཐད་བཀོད་སྒྲིག་བྱས་ཡོད། མཐར་བརྟག་དཔྱད་ཚོགས་ཆུང་གིས་དེ་ནི་ཐོན་སྐྱེད་ཀྱི་བདེ་འཇགས་འགན་འཁྲིའི་ལས་འཛོལ་ཧ་ཅང་ཚབས་ཆེན་ཞིག་ཡིན་པའི་གཏན་འཁེལ་བྱས་པ་མ་ཟད། འབྲེལ་ཡོད་ས་གནས་དང་སྡེ་ཚན་གྱི་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་གནད་སར་མ་འཁྱོལ་བ་དང་། ལས་སྒོ་དང་བདེ་འཇགས་ལ་དོ་དམ་བྱེད་རྒྱུ་མི་འདང་བ། ཁྲིམས་དང་མི་མཐུན་པ་དང་ཁྲིམས་འགལ་གྱི་བྱེད་སྤྱོད་ལ་རྡུང་རྡེག་ནན་པོ་མ་བཏང་བ། ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་མ་བྱུང་བ། ཁྲིམས་འགལ་སྒྲིག་འགལ་དང་ཁ་དན་ཚིག་ལ་མ་གནས་པ་སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་དམར་རྗེན་དུ་བཏོན་ཡོད། ལས་འཛོལ་དེའི་བསླབ་བྱ་ཧ་ཅང་ཟབ་མོ་རེད། ཐད་ཀའི་འགན་འཁྲི་དང་། ལྟ་འདོམས་ཀྱི་འགན་འཁྲི། འགོ་ཁྲིད་ཀྱི་འགན་འཁྲི་སོགས་ཡོད་པའི་འགན་འཁུར་བ་ཚང་མར་བཅའ་ཁྲིམས་དང་། སྒྲིག་ཁྲིམས། སྒྲིག་སྲོལ་བཅས་གཞིར་བཟུང་འགན་འཁྲི་རྩད་གཅོད་ནན་པོ་དང་ཉེས་ཆད་འགེལ་དགོས། ལས་འཛོལ་གྱི་བརྟག་དཔྱད་སྙན་ཞུ་དང་འགན་འཁུར་བར་ཐག་གཅོད་བྱས་པའི་འབྲས་བུ་དུས་ཐོག་ཏུ་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱེད་དགོས་ཞེས་བསྟན་པ་རེད།
     ཚོགས་འདུའི་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཁང་དང་འཕྲལ་སྡོམ་དོ་དམ་པུའུ་ཡིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་སྟོབས་ཤུགས་སྒྲིག་འཛུགས་བྱས་ཏེ་ཅང་སུའུ་ཞིང་ཆེན་གྱི་བདེ་འཇགས་ཐོན་སྐྱེད་དང་ལྷག་དོན་དུ་ཉེན་ཆེའི་རྫས་འགྱུར་དངོས་རྫས་ཐོན་སྐྱེད་དོ་དམ་སོགས་ཀྱི་གནད་དོན་ལ་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཆེད་དོན་བཅོས་སྒྲིག་བྱེད་དགོས་པ་དང་། ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་བཅོས་སྒྲིག་ལ་ཕན་འབྲས་ཐོན་པ་བྱེད་དགོས། དེ་དང་ཆབས་ཅིག་རྒྱལ་ཡོངས་སུ་ཉེན་ཆེའི་རྫས་འགྱུར་དངོས་རྫས་ཀྱི་བདེ་འཇགས་ལ་ཆེད་དོན་ལྟ་བཤེར་བྱས་ནས་ས་ཁུལ་ཁག་གིས་རང་བཤེར་རང་བཅོས་ནན་པོ་བྱས་ཏེ་ཐོན་སྐྱེད་དང་། གསོག་ཉར། སྐྱེལ་འདྲེན། སྙིགས་རོ་ཐག་གཅོད་སོགས་ལྷུ་ཚིགས་ཁག་གི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཏན་ཏིག་སེལ་དགོས་པའི་བཀོད་སྒྲིག་བྱས་པ་རེད། ཚོགས་འདུའི་ཐོག་བདེ་འཇགས་ཐོན་སྐྱེད་ཀྱི་ལས་འགན་ནི་རི་བོ་ཐའེ་ཧྲན་ལས་ཀྱང་ལྕི་ཞིང་། བདེ་འཇགས་ནི་འཕེལ་རྒྱས་ཀྱི་རྨང་གཞི་ཡིན་པས་སྐད་ཅིག་ཙམ་ཡང་ལྷོད་གཡེང་དུ་གཏོང་མི་རུང་། ཐོག་མཐའ་བར་གསུམ་དུ་བདེ་འཇགས་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་ནན་དུ་གཏོང་དགོས། ད་ཐེངས་ཀྱི་ཡིད་སྐྱོ་དགོས་པའི་དོན་རྐྱེན་ཁྲོད་ནས་བསླབ་བྱ་དང་དུ་བླངས་ཏེ་ཟུར་བལྟས་ལེབ་མཐོང་གིས་ཕུགས་ཕན་ལམ་སྲོལ་མྱུར་པོ་འཛུགས་པ་དང་། རྨང་གཞི་བརྟན་གཏོང་དང་རྩ་བ་སྲ་གཏོང་ཐད་ཤུགས་སྣོན་རྒྱག་པ། བདེ་འཇགས་ཀྱི་ཚད་གཞིའི་སྒྲིག་སྲོལ་ལ་དམ་འཛིན་བྱེད་པའི་ལྷུ་ཚིགས་ཁག་གི་འགན་འཁྲི་དོན་འཁྱོལ་ལ་ཤུགས་སྣོན་རྒྱག་དགོས། ཉེན་ཁ་ཆེ་བའི་རྫས་འགྱུར་དངོས་རྫས་ཀྱི་བདེ་འཇགས་དང་འབྲེལ་བའི་འབྲེལ་ཡོད་སྡེ་ཚན་གྱི་ལྟ་འདོམས་མཉམ་ལས་དང་མཉམ་འབྲེལ་ཁྲིམས་འཛིན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་ལ་བཟོ་བཅོས་མགྱོགས་པོ་བརྒྱབ་ནས་ལས་འཛོལ་ཚབས་ཆེན་ཐོན་པའི་རང་སྣང་དང་རྐང་བཙུགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་ཆད་པ་གཅོད་ཤུགས་ཆེ་རུ་གཏོང་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས་ཀྱིས་གང་བྱུང་དང་། གོ་རིམ་མེད་པ། སྒྲིག་འགལ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་གཏོང་བའི་སྣང་ཚུལ་གཏན་འགོག་བྱས་ཏེ་ལས་རིགས་རིམ་སྤོར་ལ་སྐུལ་འདེད་དང་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས་པའི་ནན་བཤད་བྱས་པ་རེད།
     “བརྟན་པོ་དྲུག”གི་ལས་དོན་ཡག་པོ་སྒྲུབ་པ་དང་མ་དངུལ་གཏོང་བ་དང་མ་དངུལ་མཉམ་འདྲེས་ཀྱི་སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བླང་བྱ་གཞིར་བཟུང་། ཚོགས་འདུའི་ཐོག་གཏན་འབེབས་བྱས་དོན། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་བཞག་པའི་རྣམ་གྲངས་ཀྱི་མ་དངུལ་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་འགན་སྲུང་དང་ཚོད་འཛིན་ཡོད་པ་དང་། རིགས་དབྱེའི་ལྟ་སྟངས་བཟུང་ནས་མ་དངུལ་གོ་ཆོད་ལ་སྐུལ་འདེད་གཏོང་བ་དང་ཉེན་ཁ་འགོག་ཟོན་ལ་ཤུགས་སྣོན་རྒྱག་པ་ཟུང་འབྲེལ་ནུས་ལྡན་བྱེད་དགོས། གཅིག་ནི་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་ཁག་གཅིག་གི་མ་དངུལ་བསྡུར་ཚད་དམའ་ཤོས་དམའ་རུ་གཏོང་དགོས་ཤིང་། གྲུ་ཁ་དང་། མཚོ་ངོགས། མངའ་ཁོངས་གཙང་པོ་བཅས་ཀྱི་ཆུ་ཐོག་སྐྱེལ་འདྲེན་རྣམ་གྲངས་ཀྱི་མ་དངུལ་བསྡུར་ཚད་དམའ་ཤོས་25%ནས་20%བར་གཅོག་པ་དང་། ཞན་ཆ་གསབ་པའི་གཞུང་ལམ་དང་། ལྕགས་ལམ། གྲོང་ཁྱེར་འཛུགས་སྐྲུན། ཟོག་འགྲེམས། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་། སྤྱི་ཚོགས་དམངས་འཚོ་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་ལ་མ་དངུལ་བཏང་བའི་གྲུབ་འབྲས་ལམ་སྲོལ་ཁ་གསལ་བ་དང་། ཁེ་འབབ་ཡོང་ཁུངས་འཕེར་བ། ཉེན་ཁ་ཚོད་འཛིན་ཐུབ་པ་བཅས་ཀྱི་སྔོན་འགྲོའི་འོག་མ་དངུལ་གྱི་བསྡུར་ཚད་དམའ་ཤོས་དམའ་རུ་འོས་འཚམ་གཏོང་ཆོག་པ་དང་དམའ་རུ་གཏོང་ཚད་བརྒྱ་ཆའི་གྲངས་5ལས་བརྒལ་མི་རུང་། གཉིས་ནི་རྨང་གཞིའི་སྒྲིག་བཀོད་ཀྱི་ཁྱབ་ཁོངས་དང་རྒྱལ་ཁབ་གཞན་དག་གིས་སྐུལ་མ་བཏང་ནས་འཕེལ་རྒྱས་གཏོང་བའི་ལས་རིགས་རྣམ་གྲངས་ཀྱིས་ཁེ་དབང་རྣམ་པ་དང་རྐང་དབང་རིགས་ཀྱི་དངུལ་རྩའི་བྱ་ཐབས་སྤྱད་པ་བརྒྱུད་མ་དངུལ་གྲབས་གསོག་བྱ་ཆོག་ནའང་། རྣམ་གྲངས་ཀྱི་མ་དངུལ་སྤྱི་འབོར་གྱི་50%ལས་བརྒལ་མི་རུང་། ས་གནས་སྲིད་གཞུང་གིས་ནོར་སྲིད་མ་དངུལ་གྲབས་གསོག་རྣམ་གྲངས་ཀྱི་མ་དངུལ་གཅིག་འདོམས་བེད་སྤྱོད་གཏོང་ཆོག གསུམ་ནི་དོ་དམ་ཚད་ལྡན་ནན་དུ་བཏང་ནས་ཉེན་ཁ་སྔོན་འགོག་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། རྣམ་གྲངས་ཀྱི་བུན་དངུལ་དང་ཚད་མཐུན་མིན་པའི་མ་རྐང་འཇོག་མཁན་གྱི་བུན་གཡར་བ། དེ་བཞིན“མིང་ཐོག་ནས་མ་རྐང་དང་དོན་དངོས་སུ་བུ་ལོན་ཡིན་པ”སོགས་རྣམ་གྲངས་ཀྱི་མ་དངུལ་བྱ་མི་རུང་བ་དང་། མ་དངུལ་གྲབས་བསྡུ་བྱེད་པར་སྒྲིག་འགལ་ངང་ས་གནས་སྲིད་གཞུང་གི་མངོན་མེད་བུ་ལོན་མང་དུ་གཏོང་མི་ཆོག གཞུང་ཁོངས་ཁེ་ལས་ཀྱི་རྒྱུ་ནོར་གྱི་བུ་ལོན་ཟུག་ཚད་ཀྱི་འབྲེལ་ཡོད་བླང་བྱ་ལས་འགལ་མི་ཆོག ལས་གྲྭའི་དངུལ་འགྱངས་ཆད་བྱ་མི་ཆོག་པ་བཅས་རེད།
     ཚོགས་འདུའི་ཐོག་ད་དུང་དོན་གནད་གཞན་དག་ལའང་ཞིབ་འཇུག་བྱས་པ་རེད།

  
style="display:none;"