མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་པར་ཙིར་གྱི་ཙུང་ཐུང་པོ་སུའོ་ནཱ་ལུའོ་དང་གྲོས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་15ཉིན། 11:01】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

འདི་ནི་ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་13ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པ་ཞི་ལི་ཡར་པར་ཙིར་གྱི་ཙུང་ཐུང་པོ་སུའོ་ནཱ་ལུའོ་དང་གྲོས་མོལ་གནང་བཞིན་པ།

འདི་ནི་ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་13ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པ་ཞི་ལི་ཡར་པར་ཙིར་གྱི་ཙུང་ཐུང་པོ་སུའོ་ནཱ་ལུའོ་དང་གྲོས་མོལ་གནང་བཞིན་པ།

     ཤིན་ཧྭ་གསར་འགྱུར་ཁང་པ་ཞི་ལི་ཡ་ནས་ཟླ་11ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་13ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པ་ཞི་ལི་ཡར་པར་ཙིར་གྱི་ཙུང་ཐུང་པོ་སུའོ་ནཱ་ལུའོ་དང་གྲོས་མོལ་གནང་བ་རེད།
     ཞི་ཅིན་ཕིང་གིས། ཟླ་བ་གོང་མར་ཙུང་ཐུང་པོ་སུའོ་ནཱ་ལུའོ་ཡིས་གྲུབ་འབྲས་ཐོབ་པའི་སྒོ་ནས་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བ་དང་ང་ཚོའི་དབར་བྱུང་བའི་ཐུན་མོང་གི་ངོས་འཛིན་ད་ལྟ་དོན་འཁྱོལ་ཧུར་ཐག་བྱེད་བཞིན་ཡོད། མཇུག་འགྲིལ་མ་ཐག་པའི་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གཉིས་པའི་ཐོག་པར་ཙིར་ཕྱོགས་ཀྱི་ཚོང་འགྲིག་བསྡོམས་འབོར་སྐབས་གོང་མ་ལས་ལྡབ་3.6འཕར་ནས་དགའ་འོས་པའི་གྲུབ་འབྲས་ཐོབ་ཡོད། ཀྲུང་གོ་དང་པར་ཙིར་རྒྱལ་ཁབ་གཉིས་ནི་སའི་གོ་ལའི་ཤར་ནུབ་ཕྱེད་མའི་གསར་དར་ཁྲོམ་རའི་རྒྱལ་ཁབ་ཆེ་ཤོས་ཡིན་པས་ཐུན་མོང་གི་ཁེ་ཕན་རྒྱ་ཁྱབ་ལྡན་ཡོད། ང་ཚོས་པར་ཙིར་གྱི་འཕེལ་རྒྱས་མདུན་ལྗོངས་ལ་ལྟ་སྟངས་ཡག་པོ་འཛིན་པ་དང་། ཀྲུང་གོ་དང་པར་ཙིར་གྱི་མཉམ་ལས་ལ་ཡིད་ཆེས་ཀྱིས་ཁེངས་པ་མ་ཟད། པར་ཙིར་དང་མཉམ་དུ་འཕེལ་རྒྱས་ཀྱི་ཉམས་མྱོང་མཉམ་སྤྱོད་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱས་ཏེ་མཉམ་དུ་གྲ་རྒྱས་ཡོང་བ་བྱེད་འདོད་ཡོད། ངས་ཁྱེད་དང་མཉམ་དུ་ཀྲུང་གོ་དང་པར་ཙིར་འབྲེལ་བའི་འཕེལ་རྒྱས་ཁ་ཕྱོགས་སྟངས་འཛིན་ཡག་པོ་དང་ཁྲིད་སྟོན་ཡག་པོ་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་ཀྲུང་གོ་དང་པར་ཙིར་གཉིས་ཀ་རྒྱལ་ཁབ་ཆེན་པོ་ཡིན་པས། ཕྱོགས་གཉིས་པོས་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱས་ཏེ། ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་སྟངས་མཐའ་འཁྱོངས་བྱས་ནས་འགྲོ་འོང་ལ་ཤུགས་སྣོན་དང་ཕན་ཚུན་དབར་གྱི་ཡིད་ཆེས་བརྟན་དུ་གཏོང་དགོས། ཕན་ཚུན་དབར་ཁྲོམ་ར་སྒོ་མོ་ཕྱེ་ནས། ཞིང་ཞོར་ཐོན་རྫས་དང་། ལྕགས་རྡོ། མ་བཅོས་རྡོ་སྣུམ་སོགས་རྨང་གཞིའི་རང་བཞིན་གྱི་ཐོན་རྫས་ཐད་ཡུན་རིང་དང་། བརྟན་པོ། ཐད་ཀ་བཅས་ཀྱི་མཁོ་སྤྲོད་ལམ་བུ་གཏོད་རྒྱུར་འཚོལ་ཞིབ་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་པར་ཙིར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་རྒྱུར་རྒྱབ་སྐྱོར་བྱས་ཏེ་གཉིས་སྦྲེལ་གཉིས་མཐུད་ལ་སྐུལ་འདེད་གཏོང་རྒྱུ་ཡིན། གྲངས་འཛིན་དཔལ་འབྱོར་དང་། རབས་གསར་པའི་འཕྲིན་གཏོང་། རྒྱུ་ཆའི་ཚན་རིག སྐྱེ་དངོས་ལག་རྩལ་སོགས་ཁྱབ་ཁོངས་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་དང་འབྲེལ་ཀྲུང་གོ་དང་པར་ཙིར་གྱི་སའི་གོ་ལའི་ཐོན་ཁུངས་སྲུང་སྐར་རིང་མིན་སླར་ཡང་གྲུབ་འབྲས་ཐོབ་པའི་སྒོ་ནས་འཕེན་གཏོང་བྱ་རྒྱུར་སྨོན་འདུན་ཞུ་རྒྱུ་ཡིན་ལ། རྗེས་མཐུད་མཉམ་ལས་ལ་ཐུན་མོང་ཐོག་སྐུལ་འདེད་ཀྱང་གཏོང་རྒྱུ་ཡིན། མི་ཆོས་རིག་གནས་སྤེལ་རེས་རྒྱ་ཆེར་བཏང་ནས་མི་སྣ་འགྲོ་འོང་སྟབས་བདེ་ཅན་ལ་སྐུལ་འདེད་གཏོང་དགོས། པར་ཙིར་སྲིད་གཞུང་གིས་ཡ་མ་ཤུན་ཆར་ཞོད་ཆེ་བའི་ནགས་ཚལ་གྱི་གནོད་འཚེ་འགོག་ཆེད། ལས་དོན་ཧུར་ཐག་བསྒྲུབས་པར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱ་རྒྱུ་དང་པར་ཙིར་ཕྱོགས་ལ་གནོད་འཚེ་ཁྱད་བསད་ཐུབ་པའི་ནུས་པ་ལྡན་པར་ཡིད་ཆེས་ཡོད། ཀྲུང་གོ་དང་ལཱ་ཏིང་མེ་གླིང་རྒྱལ་ཁབ་དབར་གྱི་ཕྱོགས་ཡོངས་ཀྱི་སྤེལ་རེས་མཉམ་ལས་ལ་མཉམ་དུ་སྐུལ་འདེད་བཏང་ནས། ཕྱོགས་མང་རིང་ལུགས་མཐའ་འཁྱོངས་དང་སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་བསྐྲུན་ཏེ་གསར་དར་ཁྲོམ་རའི་རྒྱལ་ཁབ་ཀྱི་ལུགས་མཐུན་འཕེལ་རྒྱས་ཀྱི་དབང་ཆ་སྲུང་སྐྱོང་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་པར་ཙིར་དུ་འཚོག་ཉེར་ཡོད་པའི་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་མཇལ་འཛོམས་ལ་རྒྱབ་སྐྱོར་དང་ཕྱོགས་ཁག་དང་མཉམ་དུ་མཇལ་འཛོམས་ལ་གྲུབ་འབྲས་འཐོབ་པར་སྐུལ་འདེད་གཏོང་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
     པོ་སུའོ་ནཱ་ལུའོ་ཡིས་མི་རིང་བའི་གོང་ངས་ཀྲུང་གོར་གྲུབ་འབྲས་ཐོབ་པའི་ངང་རྒྱལ་དོན་འཚམས་འདྲི་བྱས་པ་དང་། ང་ཚོས་པར་ཙིར་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་གཏོང་བའི་ཐད་ཐུན་མོང་ངོས་འཛིན་མང་པོ་བྱུང་ཡོད། ངས་པར་ཙིར་གྱི་འབྲེལ་ཡོད་སྡེ་ཚན་ལ་མགྱོགས་མྱུར་དོན་འཁྱོལ་བྱེད་དགོས་པ་བསྟན་ཡོད། ཀྲུང་གོ་ནི་འཛམ་གླིང་གི་ཤུགས་རྐྱེན་ངེས་ཅན་ལྡན་པའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་ལ། པར་ཙིར་གྱི་ཚོང་དོན་རོགས་ཟླ་ཆེ་གྲས་དང་པོ་དེ་ཡང་རེད། པར་ཙིར་མི་དམངས་ཀྱིས་ཀྲུང་གོའི་མི་དམངས་ལ་གུས་བཀུར་དང་། བརྩི་འཇོག མཛའ་གྲོགས་བཅས་ཀྱི་བརྩེ་སེམས་བཅངས་ཡོད། པར་ཙིར་དང་ཀྲུང་གོའི་མཉམ་ལས་ཀྱིས་པར་ཙིར་གྱི་འབྱུང་འགྱུར་འཕེལ་རྒྱས་ལ་ཉིན་བཞིན་གལ་འགངས་ཆེ་བའི་དོན་སྙིང་ལྡན་ཡོད། པར་ཙིར་དང་ཀྲུང་གོའི་དཔལ་འབྱོར་ལ་ཕན་རེས་ཀྱི་རང་བཞིན་ཆེན་པོ་ལྡན་ཡོད་ལ། མཉམ་ལས་ཁྱབ་ཁོངས་ཀྱང་ཉིན་རེ་བཞིན་རྒྱ་སྐྱེད་འགྲོ་བཞིན་ཡོད། པར་ཙིར་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་པར་ཙིར་དུ་མ་དངུལ་འཇོག་པར་དགའ་བསུ་ཞུ་རྒྱུ་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ལྕགས་རྡོ། སྣུམ་རླངས་སོགས་ནུས་རྒྱུའི་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། པར་ཙིར་ཕྱོགས་ཀྱིས་ཀྲུང་གོས་ཁྲོམ་ར་སྒོ་འབྱེད་པ་ལས་བྱུང་བའི་གོ་སྐབས་གལ་ཆེན་ལ་མཐོང་ཆེན་དང་འབྲེལ། ཕྱོགས་གཉིས་པོའི་ཚོང་དོན་རྒྱ་ཆེར་བཏང་ནས་པར་ཙིར་གྱི་ཞིང་ཞོར་ཐོན་རྫས་དེ་བས་མང་པོ་ཀྲུང་གོར་གཏོང་བར་སྐུལ་འདེད་གཏོང་བའི་རེ་བ་ཡོད་ལ། པར་ཙིར་ཕྱོགས་ཀྱིས་ཀྱང་ཀྲུང་གོའི་ཁེ་ལས་དང་ཐོན་རྫས་པར་ཙིར་དུ་འདྲེན་པར་ཆ་རྐྱེན་བཟང་པོ་འདོན་འདོད་ཡོད། པར་ཙིར་ཕྱོགས་ཀྱིས་སྟབས་བདེ་ཅན་གྱི་བྱེད་ཐབས་སྤྱད་དེ་ཕྱོགས་གཉིས་པོའི་མི་སྣ་འགྲོ་འོང་དང་མི་ཆོས་རིག་གནས་སྤེལ་རེས་ལ་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཡ་མ་ཤུན་ཆར་ཞོད་ཆེ་བའི་ནགས་ཚལ་གྱི་གནད་དོན་ཐད་པར་ཙིར་ཕྱོགས་ཀྱི་བདག་དབང་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་གི་ཡིན་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོང་གི་གནད་དོན་ཐད་མཉམ་ལས་ཀྱང་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་པར་ཙིར་གྱིས་གཙོ་གཉེར་བྱས་པའི་འབོ་གསེར་རྒྱལ་ཁབ་མི་སྣའི་མཇལ་འཛོམས་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཕྱོགས་ཁག་དང་མཉམ་དུ་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་སྟེ་མཇལ་འཛོམས་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་འཐོབ་པར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
     པོ་སུའོ་ནཱ་ལུའོ་ཡིས་ཀྲུང་གོ་ཕྱོགས་ཀྱིས་པར་ཙིར་ལ་ཡིད་ཆེས་དང་མཛའ་གྲོགས་ཀྱི་བརྩེ་སེམས་བཅངས་པར་ཐུགས་རྗེ་ཆེ་ཞུ་གི་ཡིན། པར་ཙིར་གྱིས་ཕུགས་ཀྱི་མིག་རྒྱང་ནས་ཀྲུང་གོ་དང་མཉམ་དུ་ཁྱབ་ཁོངས་རྒྱ་ཆེ་བའི་མཉམ་ལས་ལ་ཤུགས་སྣོན་རྒྱག་པར་མཐོང་ཆེན་བྱས་ཏེ། སྲོལ་རྒྱུན་མཛའ་གྲོགས་ཟབ་ཏུ་གཏོང་བ་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་གྱི་ཡིན་ཞེས་བཤད།
     གྲོས་མོལ་ཚར་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་མཉམ་དུ་གསར་འགོད་པར་མཇལ་འཕྲད་གནང་བ་དང་འབྲེལ་ཕྱོགས་གཉིས་པོའི་མཉམ་ལས་ཡིག་ཆ་བརྗེ་རེས་ལ་དཔང་པོའང་གནང་བ་རེད།
     ཏིང་ཞུའེ་ཞང་དང་། དབྱང་ཅེ་ཁྲེ། ཝང་དབྱི། ཧོ་ལི་ཕུང་སོགས་གོང་གསལ་གྱི་བྱེད་སྒོར་ཞུགས་པ་རེད།

  
style="display:none;"