མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་རྒྱ་གར་གྱི་ཙུང་ལི་མོ་ཏི་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་16ཉིན། 11:02】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པ་ཞི་ལི་ཡ་ནས་ཟླ་11ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་13ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པ་ཞི་ལི་ཡར་རྒྱ་གར་གྱི་ཙུང་ལི་མོ་ཏི་དང་མཇལ་འཛོམས་གནང་བ་རེད།
     ཞི་ཅིན་ཕིང་གིས་བསྟན་དོན། མི་རིང་བའི་གོང་། ང་དང་ཁྱེད་ཅིན་ནའེ་རུ་གྲུབ་འབྲས་ཐོབ་པའི་ངང་ཞལ་འཛོམས་བྱུང་ནས་རྒྱལ་སྤྱི་དང་ས་ཁུལ་གྱི་དུས་བབ་དང་དེ་བཞིན་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཁྲོད་ཀྱི་གནད་དོན་གལ་ཆེན་ཐད་དགོངས་འཆར་བརྗེ་རེས་གཏིང་ཟབ་བྱས་པར་ཕན་འབྲས་ཡག་པོ་ཐོན་ཡོད། རྒྱལ་ཁབ་གཉིས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་ང་ཚོའི་དབར་བྱུང་བའི་ཐུན་མོང་གི་ངོས་འཛིན་དོན་འཁྱོལ་ཧུར་ཐག་བྱེད་སྒང་ཡིན་ལ་ཅིན་ནའེ་མཇལ་འཛོམས་ཀྱི་ཕན་འབྲས་ཆེ་རུ་དང་རྒྱ་སྐྱེད་དུ་གཏོང་བཞིན་ཡོད། གཟའ་འཁོར་གོང་མར། མགྲོན་གཙོའི་རྒྱལ་ཁབ་ཡིན་པའི་རྒྱ་གར་ཉིད་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གཉིས་པར་ཞུགས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། རྒྱ་གར་ཕྱོགས་ཀྱི་བཙོངས་འབོར་དེ་སྐབས་གོང་མ་དང་བསྡུར་ན་ཆེས་ཆེར་འཕར་ནས་བཙོངས་འབོར་འཕར་ཚད་མང་ཤོས་ཀྱི་འགྲེམས་ཞུགས་རྒྱལ་ཁབ་ཅིག་རེད། རྒྱ་གར་གྱིས་ཚོང་ཟོག་སྤུས་ལེགས་ཀྲུང་གོར་ཕྱིར་གཏོང་བྱེད་ཚད་མང་དུ་ཧུར་ཐག་གཏོང་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་དགའ་བསུ་ཞུ་རྒྱུ་ཡིན། ཕྱོགས་གཉིས་པོས་ཕྱོགས་གཉིས་ཀའི་ཚོང་དོན་དང་མ་འཇོག་གི་གཞི་ཁྱོན་ཆེ་རུ་བཏང་ནས་ཐོན་ནུས་དང་། གསོ་རིག་དང་སྨན་རྫས། ཆ་འཕྲིན་ལག་རྩལ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཁྱབ་ཁོངས་སུ་མཉམ་ལས་ཀྱི་འཕར་གཞི་གསར་པ་གཏོད་དགོས། དུས་སང་གི“ཀྲུང་གོ་དང་རྒྱ་གར་གྱི་མི་ཆོས་རིག་གནས་སྤེལ་རེས་ལོ”དང་ཀྲུང་གོ་དང་རྒྱ་གར་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བའི་རྟེན་འབྲེལ་བྱེད་སྒོ་ཐུན་མོང་ཐོག་ཡག་པོ་གཉེར་ཏེ་དམངས་ཁྲོད་ཀྱི་མཛའ་གྲོགས་ཟབ་ཏུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས། ཀྲུང་གོ་དང་རྒྱ་གར་གྱིས་ཐུན་མོང་ཐོག་འབད་བརྩོན་བྱས་ནས་ཕྱོགས་མང་རིང་ལུགས་མཐའ་འཁྱོངས་ཀྱིས་འཛམ་གླིང་ཚོང་དོན་རྩ་འཛུགས་ལྟེ་བར་བྱས་པའི་ཕྱོགས་མང་ཚོང་དོན་སྒྲིག་གཞིར་སྲུང་སྐྱོང་བྱས་ཏེ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ལུགས་མཐུན་འཕེལ་རྒྱས་ཀྱི་ཁེ་དབང་དང་འཕེལ་རྒྱས་ཀྱི་བར་མཐོངས་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱས་ནས་འབོ་གསེར་རྒྱལ་ཁབ་ཀྱི་མཉམ་ལས་བརྟན་པོ་དང་ཡུན་རིང་ངང་བྱེད་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།

  
style="display:none;"