མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་ཀེ་རི་སེའི་ཙུང་ལི་སྨི་ཙོ་ཐཱ་ཅི་སི་དང་ལྷན་དུ་ཀྲུང་གོ་ཐག་རིང་རྒྱ་མཚོའི་སྐྱེལ་འདྲེན་
པི་ལུའེ་ཨའེ་ཕུའུ་སི་གྲུ་ཁའི་རྣམ་གྲངས་ལ་གཟིགས་སྐོར་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་14ཉིན། 10:21】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་11ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཀྱིས་ཀེ་རི་སེའི་ཙུང་ལི་སྨི་ཙོ་ཐཱ་ཅི་སི་སྟངས་དཔྱལ་གྱི་ཕེབས་རོགས་འོག་ཀྲུང་གོ་ཐག་རིང་རྒྱ་མཚོའི་སྐྱེལ་འདྲེན་པི་ལུའེ་ཨའེ་ཕུའུ་སི་གྲུ་ཁའི་རྣམ་གྲངས་ལ་ལྷན་དུ་གཟིགས་སྐོར་གནང་ཞིང་། འདི་ནི་ཞི་ཅིན་ཕིང་གིས་ས་གནས་དེ་གའི་ལས་མིའི་འཐུས་མི་དང་བྱམས་བརྩེའི་ངང་གླེང་མོལ་གནང་ནས་ཁོང་ཚོའི་ལས་ཀ་དང་འཚོ་བའི་གནས་ཚུལ་མཁྱེན་རྟོགས་གནང་བཞིན་པ།

ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་11ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཀྱིས་ཀེ་རི་སེའི་ཙུང་ལི་སྨི་ཙོ་ཐཱ་ཅི་སི་སྟངས་དཔྱལ་གྱི་ཕེབས་རོགས་འོག་ཀྲུང་གོ་ཐག་རིང་རྒྱ་མཚོའི་སྐྱེལ་འདྲེན་པི་ལུའེ་ཨའེ་ཕུའུ་སི་གྲུ་ཁའི་རྣམ་གྲངས་ལ་ལྷན་དུ་གཟིགས་སྐོར་གནང་ཞིང་། འདི་ནི་ཞི་ཅིན་ཕིང་གིས་ས་གནས་དེ་གའི་ལས་མིའི་འཐུས་མི་དང་བྱམས་བརྩེའི་ངང་གླེང་མོལ་གནང་ནས་ཁོང་ཚོའི་ལས་ཀ་དང་འཚོ་བའི་གནས་ཚུལ་མཁྱེན་རྟོགས་གནང་བཞིན་པ།

     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཨ་ཐེན་སི་ནས་ཟླ་11ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་11ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཀྱིས་ཀེ་རི་སེའི་ཙུང་ལི་སྨི་ཙོ་ཐཱ་ཅི་སི་སྟངས་དཔྱལ་གྱི་ཕེབས་རོགས་འོག་ཀྲུང་གོ་ཐག་རིང་རྒྱ་མཚོའི་སྐྱེལ་འདྲེན་པི་ལུའེ་ཨའེ་ཕུའུ་སི་གྲུ་ཁའི་རྣམ་གྲངས་ལ་ལྷན་དུ་གཟིགས་སྐོར་གནང་བ་རེད།
     ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྲུ་ཁར་ཕེབས་སྐབས་ཀྲུང་གོ་དང་ཕྱི་རྒྱལ་གྱི་ལས་མི་ཚོས་ཀྲུང་གོ་དང་ཀེ་རི་སེ་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་གཡུག་གཡུག་བྱས་ནས་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་པ་རེད།
     རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པ་སྟངས་དཔྱལ་གྱིས་གྲུ་ཁ་གཉེར་སྐྱོང་དང་འཕེལ་རྒྱས་འཆར་འགོད་ཀྱི་ངོ་སྤྲོད་གསན་པ་དང་དེ་རྗེས་ཐོག་ཁའི་ཡང་སྟེང་དུ་ཕེབས་ནས་གྲུ་ཁ་ཡོངས་ལ་རྒྱང་ལྟ་གནང་བ་རེད། སྐབས་དེར་གྲུ་ཁའི་ལས་མི་ཚོས་གོ་རིམ་ལྡན་པའི་ངང་ལས་ཀ་བྱེད་པའི་རྣམ་པ་ཞིག་སྤྱན་ལམ་དུ་ཤར། ཟོག་འདྲེན་གྲུ་གཟིངས་ཆེན་པོ་གྲུ་ཁར་ཁ་བཀག་པ་དང་། དོས་སྒམ་སྣ་ཚོགས་གྲལ་སྟར་སྒྲིག་པོས་བཞག་པ། དཔྱང་འདེགས་ལྕགས་སྒྲོམ་མཐོ་ཞིང་ནམ་མཁའི་དབྱིངས་སུ་སྙེག་པ། དངོས་ཟོག་བྱུར་བུར་བླུགས་པའི“ཀྲུང་གོ་དང་ཡོ་རོབ་ཀྱི་སྐམ་མཚོའི་མགྱོགས་ལམ”དུས་གཏན་མེ་འཁོར་གྲ་སྒྲིག་ཨང་གསར་བྱས་ནས་ཐོན་གྲབས་ཡོད།
     ཞི་ཅིན་ཕིང་གིས་ས་གནས་དེ་གའི་ལས་མིའི་འཐུས་མི་དང་བྱམས་བརྩེའི་ངང་གླེང་མོལ་གནང་ནས་ཁོང་ཚོའི་ལས་ཀ་དང་འཚོ་བའི་གནས་ཚུལ་མཁྱེན་རྟོགས་གནང་ཞིང་། ལས་མི་ཚོས་ཀེ་རི་སེར་བུན་འགན་གྱི་ཉམས་ཉེན་འཕྲད་ནས་དཀའ་ངལ་ཆེ་བའི་སྐབས་སུ་ཀྲུང་གོ་ཐག་རིང་རྒྱ་མཚོའི་སྐྱེལ་འདྲེན་ཚོགས་པས་ལས་ཀའི་གོ་སྐབས་སྤྲད་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་ལྟ་ལས་ཀ་བརྟན་པོ་ཡོད་ལ་འཚོ་བའང་ཡག་པོ་ཡོད། པི་ལུའེ་ཨའེ་ཕུའུ་སི་གྲུ་ཁ་དེ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲུབ་འབྲས་གལ་ཆེན་ཞིག་ཏུ་གྱུར་ཡོད་པས་སེམས་ནང་སྤོབས་པ་ཆེན་པོ་སྐྱེ་གི་འདུག་ལ། པི་ལུའེ་ཨའེ་ཕུའུ་སི་གྲུ་ཁའི་འབྱུང་འགྱུར་ལ་ཡིད་ཆེས་ཀྱིས་ཁེངས་ཡོད་ཅེས་བརྗོད་པ་རེད།
     ཞི་ཅིན་ཕིང་གིས་པི་ལུའེ་ཨའེ་ཕུའུ་སི་གྲུ་ཁར་ལྟ་སྐོར་བྱ་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ཐོས་པ་བརྒྱ་ལས་མཐོང་བ་གཅིག་དགའ་ཞེས་པའི་དཔེ་ལྟར་དེ་རིང་དེ་ནས་ཀྲུང་གོའི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དེ་འབོད་ཚིག་དང་ངག་རྒྱུན་ཙམ་ཞིག་མིན་པར་གྲུབ་འབྲས་ཐོབ་པའི་ལག་ལེན་དངོས་དང་ངོ་མཚར་ཆེ་བའི་དོན་དངོས་ཤིག་ཡིན་པ་རང་ངོ་མས་མཐོང་བྱུང་། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོས་མཉམ་གྲོས་དང་། མཉམ་སྐྲུན། མཉམ་སྤྱོད་བཅས་མཐའ་འཁྱོངས་བྱེད་ཀྱི་ཡོད་པས་ཕྱོགས་གཅིག་ཁོ་ནས་གྲོས་ཐག་གཅོད་པ་ཞིག་མིན། དེ་ནི་ཚང་མས་མཉམ་དུ་འགན་འཁུར་བ་དང་མཉམ་དུ་ལོངས་སྤྱོད་བྱེད་པའི་གྲུབ་འབྲས་ཤིག་རེད། ཀྲུང་གོས་ཕྱི་ཕྱོགས་དང་འབྲེལ་བ་བྱེད་པའི་ཐད་ཡང་དག་པའི་བདེན་ཁེའི་ལྟ་བ་གཙོ་བོར་བཟུང་གི་ཡོད། ཁྱེད་ཚོ་དཀའ་ངལ་ཆེ་བའི་སྐབས་སུ་ཀྲུང་གོ་ཐག་རིང་རྒྱ་མཚོའི་སྐྱེལ་འདྲེན་པི་ལུའེ་ཨའེ་ཕུའུ་སི་གྲུ་ཁའི་རྣམ་གྲངས་ཀྱིས་རོགས་རམ་བྱས་པ་ཐོས་སྐབས་ང་ཧ་ཅང་དགའ་པོ་བྱུང་། ཁྱེད་ཚོས་པི་ལུའེ་ཨའེ་ཕུའུ་སི་གྲུ་ཁ་འཛུཌ་སྐྲུན་ཡག་པོ་བྱེད་ཀྱི་ཡོད་པས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ནང་ཞུགས་མཁན་གལ་ཆེན་དང་ལེགས་སྐྱེས་ཕུལ་མཁན་གལ་ཆེན་ཤ་སྟག་རེད། ཁྱེད་ཚོ་བྱ་བ་ལམ་འགྲོ་དང་འཚོ་བ་སྐྱིད་པོ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

  
style="display:none;"