འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་15ཉིན།

༄༅།།ཞི་ཅིན་ཕིང་གིས་མོ་ཏི་ལ་མཇལ་འཕྲད་གནང་།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་15ཉིན། 14:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཞི་ཅིན་ཕིང་གིས་མོ་ཏི་ལ་མཇལ་འཕྲད་གནང་།
    མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་13ཉིན། ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་13ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པ་ཞི་ལི་ཡ་རུ་རྒྱ་གར་གྱི་ཙུང་ལི་མོ་ཏི་དང་མཇལ་འཛོམས་གནང་། 
    ཞི་ཅིན་ཕིང་གིས་བསྟན་དོན། སྔོན་འདིར་ངེད་གཉིས་ཅིན་ནེ་རུ་མཇལ་འཛོམས་ལེགས་འགྲུབ་བྱུང་ནས། རྒྱལ་སྤྱི་དང་ས་ཁུལ་གྱི་གནས་བབ་དང་། དེ་བཞིན་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཁྲོད་ཀྱི་དོན་དག་གལ་ཆེའི་ཐད་བགྲོ་གླེང་གཏིང་ཟབ་བྱས་ཤིང་བགྲོ་གླེང་ཡག་པོ་བྱུང་ཡོད། རྒྱལ་ཁབ་གཉིས་ཀྱི་འབྲེལ་ཡོད་སྡེ་ཁག་གིས་ང་ཚོའི་ངོས་འཛིན་གཅིག་མཐུན་བྱུང་བའི་སྐོར་ལག་བསྟར་དོན་འཁྱོལ་བྱེད་བཞིན་ཡོད་པ་དང་། ཅིན་ནེ་མཇལ་འཛོམས་ཀྱི་ཡར་སྐུལ་ནུས་པ་རྒྱ་བསྐྱེད་རྒྱུན་བསྲིངས་བྱེད་བཞིན་ཡོད། གཟའ་འཁོར་སྔོན་མར། རྒྱ་གར་ནི་སྐུ་མགྲོན་གཙོ་བོའི་ཆ་ནས་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གཉིས་པར་ཞུགས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། རྒྱ་གར་ཕྱོགས་ཀྱི་ཉོ་ཚོང་ལེགས་འགྲུབ་ཀྱི་འབོར་གྲངས་སྐབས་སྔོན་མ་ལས་ཇེ་མཐོར་བྱུང་ཡོད་ཅིང་། ཉོ་ཚོང་ལེགས་འགྲུབ་བྱུང་ཚད་ཆེ་ཤོས་ཀྱི་རྒྱལ་ཁབ་ཡིན་འདུག ཀྲུང་གོས་རྒྱ་གར་གྱིས་སྤུས་ལེགས་ཚོང་རྫས་ཀྲུང་གོར་ཕྱིར་གཏོང་བྱ་རྒྱ་དགའ་བསུ་ཞུ། ཕྱོགས་གཉིས་ཀྱིས་ཕྱོགས་གཉིས་ཀར་ཉོ་ཚོང་དང་མ་རྩ་འཇོག་རྒྱུ་རྒྱ་བསྐྱེད་དགོས་པ་དང་། ཐོན་ནུས་དང་སྨན་རྫས། ཆ་འཕྲིན་ལག་རྩལ། རྨང་གཞི་སྒྲིག་ཆས་སོགས་ཀྱི་ཁྱབ་ཁོངས་སུ་མཉམ་ལས་གསར་པ་འཕར་སྣོན་ཕྱོགས་སྐྲུན་དགོས། ཐུན་མོང་ངང་སང་ལོའི་“ཀྲུང་གོ་དང་རྒྱ་གར་རིག་གནས་བགྲོ་གླེང་ལོ་འཁོར”དང་ཀྲུང་གོ་དང་རྒྱ་གར་བར་འབྲེལ་བ་བཙུགས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་བྱེད་སྒོ་ཡག་པོ་བསྒྲུབས་ནས། དམངས་ཁྲོད་ཀྱི་མཛའ་མཐུན་སྐུལ་འདེད་གཏོང་དགོས། ཀྲུང་གོ་དང་རྒྱ་གར་གྱིས་ཐུན་མོང་ངང་འབད་པ་བྱེད་པ་དང་། ཕྱོགས་མང་རིང་ལུགས་རྒྱན་འཁྱོངས། འཛམ་གླིང་ཉོ་ཚོང་རྩ་འཛུགས་སྲོག་ཤིང་བྱས་ཏེ་སྣེ་མང་ཉོ་ཚོང་མ་ལག་སྲུང་སྐྱོང་བྱེད་དགོས། ཐུན་མོང་ངང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ལུགས་དང་མཐུན་པའི་འཕེལ་རྒྱས་འགྲོ་བའི་དབང་ཆ་དང་འཕེལ་རྒྱས་ཀྱི་བར་སྟོང་སྲུང་སྐྱོང་བྱེད་དགོས། འབོ་གསེར་རྒྱལ་ཁབ་ཀྱི་མཉམ་ལས་གོམ་སྟབས་བརྟན་བརླིང་ཡུན་རིང་གནས་པ་བྱེད་དགོས།