མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་གིས་ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཞི་དང་གྲོས་མོལ་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་03ཉིན། 10:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་གིས་ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཞི་དང་གྲོས་མོལ་གནང་བ།

       མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་1ཉིན། མི་དམངས་ཚོགས་ཁང་ཆེ་མོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཞི་དང་གྲོས་མོལ་གནང་བ་རེད།
      ཞི་ཅིན་ཕིང་གིས་ཨེ་ཅིབ་ནི་ཨ་རབ་དང་། ཨ་ཧྥེ་རི་ཁ་གླིང་། དབྱི་སི་ལམ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་དང་གསར་དར་དཔལ་འབྱོར་དངོས་ཚན་བཅས་ཀྱི་མཚོན་བྱེད་ཡིན་པས་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་ཤུགས་རྐྱེན་ཐེབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་ཨེའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།
       སའེ་ཞི་ཡིས་ཨེ་ཀྲུང་དབར་སྲོལ་རྒྱུན་གྱི་མཛའ་མཐུན་དང་ཕན་ཚུན་ཡིད་ཆེས་ཆེན་པོ་རྒྱུན་འཁྱོངས་བྱས་ནས་རྒྱལ་སྤྱིའི་གནད་དོན་གལ་ཆེན་ཐད་ལངས་ཕྱོགས་འདྲ་མཚུངས་དང་གཞོགས་འདེགས་དམ་ཟབ་རྒྱུན་འཁྱོངས་བྱེད་བཞིན་ཡོད།