མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་གིས་ཀི་ནེ་ཡའི་ཙུང་ཐུང་ཁུང་ཏའེ་དང་མཇལ་འཛོམས་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་03ཉིན། 10:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

      མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་1ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀི་ནེ་ཡའི་ཙུང་ཐུང་ཁུང་ཏའེ་དང་མཇལ་འཛོམས་གནང་བ་རེད།
       ཞི་ཅིན་ཕིང་གིས་ཀི་ནེ་ཡ་ནི་ཀྲུང་གོ་གསར་པ་དང་ཕྱི་འབྲེལ་འཛུགས་མཁན་ས་ཧ་ལའི་ལྷོ་རྒྱུད་ཀྱི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་པོ་དེ་ཡིན་པ་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱིས་བརྗེད་མི་སྲིད། ཉེ་ལམ་ལོ་ཤས་རིང་། ཀྲུང་གོ་དང་ཀི་ནེ་ཡའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོཌ་ཟླའི་འབྲེལ་བ་གོང་འཕེལ་མྱུར་པོ་ཕྱིན་ཡོད་ཅེས་ནན་བཤད་གནང་བ་རེད།
        ཁུང་ཏའེ་ཡིས་ཀི་ནེ་ཡ་དང་ཀྲུང་གོའི་སྲོལ་རྒྱུན་མཛའ་གྲོགས་འབྲེལ་བ་ཟབ་མོ་ཡོད། ཕྱི་ལོ་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་60འཁོར་གྱི་ཡོད། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ནང་ཞུགས་རྒྱུར་ཀི་ནེ་ཡས་མཐོང་ཆེན་བྱེད་ཀྱི་ཡོད་ལ། ནུས་རྒྱུ་དང་གློག་འཕྲིན་མཉམ་འབྲེལ་མཉམ་མཐུད་ལ་སྐུལ་འདེད་བཏང་ནས་ཨ་ཧྥེ་རི་ཁའི་བཟོ་ལས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།