མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་གིས་མོ་ཙམ་པི་ཁེའི་ཙུང་ཐུང་ཉིའུ་ཤིས་དང་མཇལ་འཛོམས་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་03ཉིན། 10:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

        མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་1ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་མོ་ཙམ་པི་ཁེའི་ཙུང་ཐུང་ཉིའུ་ཤིས་དང་མཇལ་འཛོམས་གནང་བ་རེད།
        ཞི་ཅིན་ཕིང་གིས་མོ་ཙམ་པི་ཁེས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བསྐྱོད་པར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་ཀྱི་ཡོད་ལ། མོ་ཙམ་པི་ཁེ་ཕྱོགས་དང་མཉམ་དུ་རྒྱལ་སྲིད་སྐྱོང་ལུགས་དང་འཕེལ་རྒྱས་ཀྱི་ཉམས་མྱོང་སྤེལ་རེས་གཏིང་ཟབ་བྱེད་འདོད་ཡོད། 
        ཀྲུང་གོ་ཕྱོགས་ཀྱིས་མོ་ཙམ་པི་ཁེའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་དམངས་འཚོ་ལེགས་བཅོས་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། མོ་ཙམ་པི་ཁེ་ཕྱོགས“རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་ལ་ཧུར་ཐག་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། མོ་ཙམ་པི་ཁེ་ཕྱོགས་ཀྱིས་བཟོ་ལས་ཅན་དང་དེང་རབས་ཞིང་ལས་ཅན་གྱི་འཕེལ་རིམ་མགྱོགས་སུ་གཏོང་རྒྱུར་རོགས་རམ་བྱས་ནས་ནང་གནས་སྒུལ་ཤུགས་ཆེ་རུ་བཏང་སྟེ་རང་བརྟེན་རྒྱུན་མཐུད་འཕེལ་རྒྱས་ཡོང་བར་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
       ཉིའུ་ཤིས་ཀྱིས་མོ་ཙམ་པི་ཁེས་ཀྲུང་གོའི་ས་ནས་ཇི་ལྟར་བྱས་ཏེ་སྲིད་འཛིན་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཇི་ལྟར་བྱས་ཏེ་རྒྱལ་ཁབ་སྐྱོང་བའི་ཉམས་མྱོང་དཔྱད་གཞིར་འཛིན་འདོད་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་གཟིགས་རྒྱང་རིང་ཞིང་མཐོང་རྒྱ་ཆེ་བ་ཞིག་འདུག་ཅེས་བརྗོད་པ་རེད།