མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་གིས་པེ་ནི་ནའི་ཙུང་ཐུང་ཐ་ལུང་དང་མཇལ་འཛོམས་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་03ཉིན། 10:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

      མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་1ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་པེ་ནི་ནའི་ཙུང་ཐུང་ཐ་ལུང་དང་མཇལ་འཛོམས་གནང་བ་རེད།
      ཞི་ཅིན་ཕིང་གིས་དུས་རབས་21པ་ནི་ཨེ་ཤེ་ཡའི་དུས་རབས་རེད་ལ་ཨ་ཧྥེ་རི་ཁའི་དུས་རབས་ཀྱང་རེད། ཨ་ཧྥེ་རི་ཁར་འཕེལ་རྒྱས་ཀྱི་མངོན་མེད་ནུས་ཤུགས་ཧ་ཅང་ཆེན་པོ་ལྡན་པས་དུས་རབས་གསར་པར་ཨ་ཧྥེ་རི་ཁའི་ཕོ་སེང་ཞེས་གྲགས་པའི་པེ་ནི་ན་འཕེལ་རྒྱས་ཆེན་པོ་འགྲོ་ངེས་ཡིན་པ་ང་ཚོས་ཡིད་ཆེས་བྱེད་བཞིན་ཡོད་ཅེས་ནན་བཤད་གནང་བ་རེད།
       ཐ་ལུང་གིས་པེ་ནི་ན་ཚུད་པའི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་གིས་ལས་བརྩོན་དང་སྒྱུར་བཅོས་བྱེད་པ་བརྒྱུད་རྒྱལ་ཁབ་བཅོས་སྐྱོང་ནུས་པ་ཆེ་རུ་བཏང་སྟེ་ཡུན་རིང་འཕེལ་རྒྱས་ཡོང་བ་དང་རང་ཉིད་ཀྱི་ལས་དབང་གི་ཁ་ལོ་བསྒྱུར་རྒྱུའི་འབད་བརྩོན་བྱེད་བཞིན་ཡོད་ཅེས་བརྗོད་པ་རེད།