མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་གིས་ཀག་ནའི་ཙུང་ཐུང་ཨ་ཁུ་ཕུའུ·ཨ་ཏུའོ་དང་གྲོས་མོལ་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་03ཉིན། 10:02】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་གིས་ཀག་ནའི་ཙུང་ཐུང་ཨ་ཁུ་ཕུའུ·ཨ་ཏུའོ་དང་གྲོས་མོལ་གནང་བ།

         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་1ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀག་ནའི་ཙུང་ཐུང་ཨ་ཁུ་ཕུའུ·ཨ་ཏུའོ་དང་གྲོས་མོལ་གནང་བ་རེད།
        ཞི་ཅིན་ཕིང་གིས་ཀྲུའུ་ཞི་མའོ་ཙེ་ཏུང་དང་། ཙུང་ལི་ཀྲོའུ་ཨེན་ལའེ། ཙུང་ཐུང་ཨེན་ཁེ་ལུའུ་མཱ་སོགས་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པ་རྒན་རབས་ཚོས་ཐུན་མོང་ཐོག་ཀྲུང་གོ་དང་ཀག་ནའི་སྲོལ་རྒྱུན་གྱི་མཛའ་གྲོགས་འབྲེལ་བ་གསར་གཏོད་དང་སྐྱེད་སྲིང་གནང་ཡོད་ཅེས་མཛུབ་སྟོན་གནང་བ་རེད།
         ཨ་ཁུ་ཕུའུ·ཨ་ཏུའོ་ཡིས་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པ་རྒན་རབས་ཚོས་ཀག་ན་དང་ཀྲུང་གོའི་དབར་གྱི་མཛའ་གྲོགས་གསར་གཏོད་གནང་བ་དེ་ནི་གཞོམ་ཞིག་མེད་པ་ཞིག་རེད། ཀག་ནས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་གཅིག་གི་སྲིད་ཇུས་མཐའ་འཁྱོངས་བྱ་རྒྱུ་ཡིན་ཞེས་གསུངས།