མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་གིས་ལི་པེ་རི་ཡའི་ཙུང་ཐུང་ཝུའེ་ཨ་དང་མཇལ་འཛོམས་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་03ཉིན། 10:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

        མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་1ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ལི་པེ་རི་ཡའི་ཙུང་ཐུང་ཝུའེ་ཨ་དང་མཇལ་འཛོམས་གནང་བ་རེད།
        ཞི་ཅིན་ཕིང་གིས་ཀྲུང་གོ་དང་ལི་པེ་རི་ཡའི་མཛའ་གྲོགས་འབྲེལ་བ་དེ་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་ཡོད་ཅིང་། སྐུ་ཞབས་ཙུང་ཐུང་དང་ལི་པེ་རི་ཡའི་སྲིད་གཞུང་གསར་པས་ཀྲུང་གོ་གཅིག་གི་རྩ་དོན་གྱི་གནད་དོན་ཐད་བརྟན་ལ་ཁ་གསལ་གྱི་ལངས་ཕྱོགས་འཛིན་པར་ཀྲུང་གོ་ཕྱོགས་ཀྱིས་བསྔགས་བརྗོད་བྱེད་ཀྱི་ཡོད། ལི་པེ་རི་ཡ་ཕྱོགས་དང་རིམ་པ་ཁག་དབར་འགྲོ་འོང་བྱེད་ཟབ་ཏུ་གཏོང་བ་དང་། དབུལ་པོ་ཉུང་གཏོང་དང་།
       ཞིང་ལས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། འཕྲོད་བསྟེན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་དོ་ཁུར་ཆེན་པོ་བྱེད་པའི་གནད་དོན་ཐད་མུ་མཐུད་ཕན་ཚུན་བསམ་ཤེས་དང་རྒྱབ་སྐྱོར་བྱེད་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
        ཝུའེ་ཨས་ལི་པེ་རི་ཡས་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་ལེན་བསྟར་བཞིན་ཡོད་ལ། ཀྲུང་གོ་ཕྱོགས་ཀྱིས་ཤུགས་ཆེའི་རྒྱབ་སྐྱོར་དང་ལྷག་དོན་དུ་ལི་པེ་རི་ཡས་ཨེ་པོ་ལ་རིམས་ནད་འགོག་བཅོས་བྱེད་པར་སྒེར་སེམས་མེད་པའི་རོགས་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བརྗོད་པ་རེད།