མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་གིས་མ་ལ་ཝེའི་ཙུང་ཐུང་མུའུ་ཐ་ལི་ཁ་དང་མཇལ་འཛོམས་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་03ཉིན། 10:13】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་1ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་མ་ལ་ཝེའི་ཙུང་ཐུང་མུའུ་ཐ་ལི་ཁ་དང་མཇལ་འཛོམས་གནང་བ་རེད།
        ཞི་ཅིན་ཕིང་གིས་ཀྲུང་གོ་དང་མ་ལ་ཝེའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་11སོང་ཚུན། རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་ཀྱིས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་ཡོད། དེ་ཐོག་ནས་ཀྲུང་གོ་དང་མ་ལ་ཝེའི་དབར་ཕྱི་འབྲེལ་བཙུགས་པ་ནི་རྦད་དེ་ཡང་དག་པའི་འཐབ་ཇུས་ཀྱི་གཏན་ཇུས་ཐག་གཅོད་པ་ཞིག་ཡིན་པ་མཚོན་ཡོད། ཀྲུང་གོ་གཅིག་གི་རྩ་དོན་དེ་དུས་རབས་ཀྱི་འཕེལ་ཕྱོགས་དང་མཐུན་ཡོད་ལ་དུས་ཀྱི་འཁོར་ཕྱོགས་ཤིག་ཀྱང་རེད་ཅེས་ནན་བཤད་གནང་བ་རེད།
        མུའུ་ཐ་ལི་ཁས་མ་ལ་ཝེས་ཀྲུང་གོའི་དབར་གྱི་མཛའ་གྲོགས་ལ་གཅེས་འཛིན་བྱེད་ཀྱི་ཡོད། རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་11སོང་ཚུན། རྒྱལ་ཁབ་གཉིས་པོས་ཕན་འབྲས་ཆེན་པོ་ལྡན་པའི་གཉིས་ཕན་མཉམ་ལས་བྱས་པས་མ་ལ་ཝེས་དེ་བས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་ལེན་བསྟར་ཐུབ་ཡོད་ལ། ཀྲུང་གོ་དང་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་རྒྱུན་ཆད་མེད་པར་བྱེད་ཟབ་ཏུ་ཕྱིན་ཡོད་ཅེས་བརྗོད་པ་རེད།