འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱི་སྤྱི་པའི་བཅའ་ཁྲིམས་ཞབས་འདེགས་འཕྲུལ་མི་སྤྱོད་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་26ཉིན། 10:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་24ཉིན་མཚོ་སྔོན་ཞིང་ཆེན་གྱི་སྤྱི་པའི་ཞབས་ཞུའི་བཅའ་ཁྲིམས་འཕྲུལ་མི་དངོས་སུ་སྤྱོད་འགོ་ཚུགས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན་འདི་ནི་ཁྲིམས་འཛིན་སྲིད་འཛིན་ཁྱབ་ཁོངས་ཀྱི་ཁྲིམས་སྐྱོང་དྲིལ་བསྒྲགས་དང་། བཅའ་ཁྲིམས་ཞབས་ཞུ། ཁྲིམས་སྐྱོང་འགན་ལེན་བཅས་འགན་ནུས་ཆེན་པོ་གསུམ་བསྡུ་སྒྲིལ་བྱས་པའི་སྤྱི་པའི་བཅའ་ཁྲིམས་ཞབས་འདེགས་འཕྲུལ་མི་ཞིག་རེད།
         “སྤྱི་པའི་བཅའ་ཁྲིམས་ཞབས་འདེགས་འཕྲུལ་མི་དེ་ནི་ཀྲུང་གོ་དམངས་གཙོ་ཁྲིམས་ལུགས་དཔེ་སྐྲུན་ཁང་དང་མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་ཐིང་གིས་མཉམ་དུ་ཞིབ་འཇུག་གསར་སྤེལ་བྱས་པ་ཞིག་ཡིན་ཞིང་། དུས་ཡུན་ཟླ་བཅུ་ཙམ་འགོར་བ་རེད”ཀྲུང་གོ་དམངས་གཙོ་ཁྲིམས་ལུགས་དཔེ་སྐྲུན་ཁང་བཅའ་ཁྲིམས་ཡན་ལག་ཁང་གི་ལག་བསྟར་འགོ་འཛིན་ཧྲ་ཁྲུང་ཧྥན་གྱིས་ཚེས་24ཉིན་ནས་བཟུང་འཕྲུལ་མི་ཁག་དང་པོ་མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་ཀྲོའུ་ཁག་གཅིག་གི་བཅའ་ཁྲིམས་ཞབས་ཞུའི་ཚོམས་ཆེན་དུ་བཞག་ནས་དངོས་སུ་བཀོལ་སྤྱོད་བྱེད་རིང་ཕྱོགས་ཁག་གི་ཞིབ་དཔྱད་དང་ལེན་བྱ་རྒྱུ་རེད་ཅེས་བཤད།
         ངོ་སྤྲོད་བྱས་པར་གཞིགས་ན། སྤྱི་པའི་བཅའ་ཁྲིམས་ཞབས་འདེགས་འཕྲུལ་མིའི་སྤྲིན་སྣེའི་གསོག་ཉར་དུ་རིག་ནུས་བཅའ་ཁྲིམས་ཀྱི་དྲི་བ་དྲིས་ལན་ཁྲི་5ལྷག་ཙམ་དང་མང་ཚོགས་ཀྱི་རྒྱུན་གཏན་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་གཉེན་སྒྲིག་ཁྱིམ་ཚང་དང་། ངལ་རྩོལ་རྩོད་རྙོག འགྲིམ་འགྲུལ་བདེ་འཇགས། འཛད་སྤྱོད་པའི་དབང་ཆ་སྲུང་སྐྱོང་། སྡེ་ཁུལ་གྱི་རྩོད་རྙོག དམིགས་བསལ་མི་ཚོགས་ཀྱི་ཁེ་དབང་སྲུང་སྐྱོང་། སྤྱི་ཚོགས་འགན་སྲུང་། སྡོད་ཁང་བཤིག་སྤོ། ཡུལ་སྐོར་གྱི་རྩོད་གླེང་། དམངས་ཁྲོད་ཀྱི་བུན་གཡར་སོགས་ཀྱི་བཅའ་ཁྲིམས་ཀྱི་ནང་དོན་ཚུད་ཡོད།
         དེ་དང་ཆབས་ཅིག་འཕྲུལ་མིས་ཕྱོགས་ཚང་མའི་ཁྲིམས་འཛིན་སྲིད་འཛིན་ལས་སྒོའི་ཁྲིད་སྟོན་ཞབས་འདེགས་ཞུ་ཆོག་ལ་ཁྲིམས་རྩོད་པའི་ལས་དོན་སུའོ་དང་། བདེན་དཔང་སྒྲིག་གཞི། ཁྲིམས་འཛིན་གསལ་འབྱེད་སྒྲིག་གཞི། བཅའ་ཁྲིམས་རོགས་སྐྱོར་སྒྲིག་གཞི། མི་དམངས་འདུམ་འགྲིག་སྒྲིག་གཞི་བཅས་ཀྱི་གནས་ཡུལ་དང་འབྲེལ་གཏུག་བྱེད་སྟངས་སོགས་འབྲེལ་ཡོད་ཆ་འཕྲིན་འཚོལ་བཤེར་བྱ་ཆོག
      

    ཕྱོགས་བསྡུས་གསར་འགྱུར།