འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་འཛམ་གླིང་ཐོག་གི་སྐྱེ་དངོས་བསྐྱར་སྐྱེས་ཚེ་སྲོག་འགན་སྲུང་མ་ལག་གི་སྣེ་སྟོན་པར་
    གྱུར་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་17ཉིན། 11:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་15ཉིན་པེ་ཅིང་མཁའ་འགྲུལ་འཇིག་རྟེན་འཕུར་གྲུ་སློབ་ཆེན་དུ“ཟླ་བའི་ཕོ་བྲང་དང་པོ”རྟགས་ཅན་གྱི་སྒོ་མོ་ག་ལེར་ཕྱེ་བ་དང་སྦྲགས་དང་བླངས་པ་4ཡིས་ལག་ནང་དུ་རང་ཉིད་ཀྱིས“ཟླ་བའི་ཕོ་བྲང”ནང་བཏབ་པའི་སྲན་མ་དང་། གྲོ། གུང་ལ་ཕུག ཀྲོ་མ་ཀྲུ། འབྲི་ཏ་ས་འཛིན་སོགས་འཁྱེར་ཏེ་འཛུམ་དམུལ་དམུལ་ངང་ཕྱིར་དོན་ཡོང་། སྐབས་དེ་དུས“ཟླ་བའི་ཕོ་བྲང་ཨང་དང་པོའི”ནང་བྱས་པའི་དུས་ཡུན་ཉིན་365+5དང་འཛམ་གླིང་ཐོག་དུས་ཚོད་རིང་ཤོས་ཀྱི“ཟླ་བའི་ཕོ་བྲང་365”ཡི་ཚོད་ལྟ་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་བ་རེད།
         2017ལོའི་ཟླ་5ཚེས་10ཉིན་ནས་འགོ་ཚུགས་པ་དང་། 2018ལོའི་ཟླ་5ཚེས་15ཉིན་མཇུག་འགྲིལ་བ། དུས་ཡུན་ཉིན་370ཡིན་པ་བཅས་ཀྱི“ཟླ་བའི་ཕོ་བྲང་365”ཡི་ཚོད་ལྟ་ནི་འཛམ་གླིང་ཐོག་དུས་ཡུན་རིང་ཤོས་དང་ཁ་ཟུམ་ཚད་མཐོ་ཤོས་ཀྱི་སྐྱེ་དངོས་བསྐྱར་སྐྱེས་ཀྱི་ཚེ་སྲོག་འགན་སྲུང་མ་ལག་ཚོད་ལྟ་བྱས་པ་ཞིག་རེད།
      
    2018-05-16

    ཕྱོགས་བསྡུས་གསར་འགྱུར།