འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱི་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་དང་པོ་
    རྒྱལ་ཁའི་ངང་མཇུག་འགྲིལ་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་17ཉིན། 10:54】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱི་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་དང་པོ་ལྷ་ས་གྲོང་ཁྱེར་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས་སུ་མཇུག་འགྲིལ་ཞིང་། ལྷ་ས་གྲོང་ཁྱེར་གྱི་ཐད་གཏོགས་ཚན་པ་ཁག་དང་རྫོང་ལྔ་དང་ཆུས་གསུམ་དང་དེ་བཞིན་ལྷ་སར་བཅའ་སྡོད་ཉེན་ཟོན་བདེ་སྲུང་དམག་ཁུལ་ཁང་སོགས་འཐུས་མི་ཚོགས་པ་18ཀྱི་ལུས་རྩལ་པ་1830ལྷག་ཙམ་གྱིས་འགྲན་བསྡུར་དྲག་པོ་བྱས་པ་བརྒྱུད་དུས་ཡུན་ཉིན་17གྱི་འགྲན་བསྡུར་ནང་ཁྱོན་རྣམ་གྲངས་ཆེ་གྲས་15དང་ཆུང་གྲས་64ཡི་རྒྱལ་ཕམ་ཐག་བཅད་ཡོད། དེའི་ཁྲོད་ཚོགས་པའི་སྐར་གྲངས་བསྡོམས་འབོར་གྱི་ཨང་དང་པོ་སློབ་གསོའི་ཁོངས་གཏོགས་ཀྱི་འཐུས་མིར་རག་པ་དང་། ཁྲེང་ཀོན་ཆུས་འཐུས་མི་ཚོགས་པ་དང་འདམ་གཞུང་རྫོང་འཐུས་མི་ཚོགས་པར་ཨང་གཉིས་པ་དང་གསུམ་པ་རག་ཡོད།
        ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་ལུས་རྩལ་འགྲན་ཚོགས་རིན་མེད་ངང་ཕྱི་ཕྱོགས་ལ་སྒོ་མོ་ཕྱེ་བས་ཡུལ་དེའི་མང་ཚོགས་ཀྱིས་ལུས་རྩལ་བྱེད་སྒོར་དོ་ཁུར་དང་། རྒྱབ་སྐྱོར། དེའི་ནང་ཞུགས་པའི་སྤྲོ་སེམས་འཕེལ་བ་དང་། སྲོལ་རྒྱུན་གྱི་མི་རིགས་ལུས་རྩལ་རྒྱུན་འཛིན་དང་ཁྱབ་གདལ་བཏང་ནས་རྩལ་འགྲན་ལུས་རྩལ་བོད་དུ་འཕེལ་རྒྱས་བྱུང་སྟེ་གོམ་སྟབས་རྗེས་མའི་དམངས་ཡོངས་ལུས་སྦྱོང་གི་བྱེད་སྒོ་སྤེལ་བར་རྨང་གཞི་བཟང་པོ་ཞིག་བཏིང་ཡོད་པ་རེད།
      
    2018-05-16

    ཕྱོགས་བསྡུས་གསར་འགྱུར།