འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་དུ་ཏེན་མི་འདང་བའི་ནད་འགོག་བཅོས་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་17ཉིན། 10:46】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་ནས་ཤེས་རྟོགས་བྱས་པ་ལྟར་ན། རྒྱལ་ཡོངས་ཀྱི་ཏེན་མི་འདང་བའི་ནད་མཆེད་ཚབས་ཅུང་ཆེ་བའི་ཞིང་ཆེན་གྱི་གྲས་ཡིན་པའི་མཚོ་སྔོན་གྱིས་ཏེན་མི་འདང་བའི་ནད་འགོག་བཅོས་བྱས་པར་ཐོན་པའི་ཕན་འབྲས་མངོན་གསལ་དོད་ནའང་། ཏེན་མི་འདང་བའི་ནད་མེད་པར་བཟོ་བའི་དམིཌ་ཚད་དབར་སྔར་བཞིན་ཧེ་བག་ཡོད་པ་རེད།
          མཚོ་སྔོན་ཞིང་ཆེན་གྱི་རྫོང(ཆུས)43སྤྱིའི་ཆ་ནས་ཁོར་ཡུག་ཏུ་ཏེན་མི་འདང་བའི་ས་ཆ་ཡིན་ཞིང་། ལོ་རྒྱུས་ཐོག་རྒྱལ་ཡོངས་ཀྱི་ཏེན་མི་འདང་བའི་ནད་མཆེད་ཚབས་ཆེ་ཙམ་གྱི་ཞིང་ཆེན་ཞིག་ཡིན། དུས་རབས་20པའི་ལོ་རབས་70པར་མཚོ་སྔོན་ཞིང་ཆེན་གྱི་མི་འབོར་ཁྲི་500ལྷག་ཙམ་ལ་ཚད་མི་འདྲ་བའི་ཏེན་མི་འདང་བའི་གནོད་འཚེ་ཕོག་པ་དང་། ཚབས་ཆེ་ཤོས་ཀྱི་དུས་སུ་ཨོལ་རྨེན་སྐྲངས་པའི་ནད་པ་ཁྲི་22ལས་བརྒལ་གྱི་ཡོད།
         མཚོ་སྔོན་ཞིང་ཆེན་གྱི་ས་གནས་ཀྱི་ནད་སྔོན་འགོག་དང་ཚོད་འཛིན་སུའོ་ས་གནས་ན་ཚ་ཁོའོ་ཡི་ཁོའོ་ཀྲང་མོང་ཤན་ཡ་ཡིས་ངོ་སྤྲོད་བྱས་པ་ལྟར་ན། 2010ལོར་མཚོ་སྔོན་དུ་གཞི་རྩའི་ཆར་ཏེན་མི་འདང་བའི་ནད་མེད་པར་བཟོ་བའི་དམིགས་ཚད་མངོན་འགྱུར་བྱུང་ཡོད། ཉེ་བའི་ལོ་ཤས་རིང་། མཚོ་སྔོན་གྱིས་བཟའ་ཚྭར་ཏེན་སྣོན་པ་གཙོ་བོར་བྱས་པའི་བྱེད་ཐབས་མུ་མཐུད་སྤྱད་ནས་བདེ་ཐང་སློབ་གསོའི་དྲིལ་བསྒྲགས་རྒྱ་ཆེར་བྱས་ཁར་ཏེན་ཚྭ་དང་མི་ཚོགས་ཀྱི་ཏེན་གྱི་འཚོ་བཅུད་ལྟ་སྐུལ་ཚད་ལེན་ལ་ཤུགས་སྣོན་རྒྱག་པ་དང་། “ཡུལ་བབ་དང་བསྟུན་པ་དང་། རིགས་དབྱེ་མཛུབ་ཁྲིད། ཚན་རིག་དང་མཐུན་པའི་སྒོ་ནས་ཏེན་གསབ་པ”བཅས་ཀྱི་ཐབས་ཇུས་ལ་སྐུལ་སྤེལ་ཧུར་ཐག་བཏང་ནས་མ་བཅོས་ཚྭའི་ཐོན་ཁུལ་དང་། གྲངས་ཉུང་མི་རིགས་ཀྱི་ས་ཆ། ས་ཆ་དབུལ་པོ་བཅས་ལ་རིན་མེད་ངང་ཏེན་ཚྭ་སྤྲད་ནས་ཞིང་ཆེན་ཡོངས་ཀྱི་ཏེན་ཚྭ་མི་འདང་བའི་ནད་མེད་པར་བཟོ་བའི་དམིགས་ཚད་ཀྱི་འཕེལ་རིམ་ལ་སྐུལ་མ་ཐེབས་པ་རེད།
         “མཚོ་སྔོན་དུ་ཏེན་མི་འདང་བའི་ནད་འགོག་བཅོས་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ནའང་། ཕྱོགས་ཡོངས་ནས་ཏེན་མི་འདང་བའི་ནད་མེད་པར་བཟོ་བར་ད་དུང་ཧེ་བག་ངེས་ཅན་ཡོད་པ་དང་། ས་ཁུལ་ཁག་གཅིག་གི་སྦྲུམ་མར་སྔར་བཞིན་ཏེན་མི་འདང་བའི་ཉེན་ཁ་ཡོད། མཚོ་སྔོན་ནི་མི་རིགས་མང་པོ་འདུས་སྡོད་ཀྱི་དཔལ་འབྱོར་དང་རིག་གནས་དར་རྒྱས་འགྲོ་འགོར་བའི་ས་ཆ་ཞིག་རེད། མི་རིགས་ཁག་གི་མང་ཚོགས་ལ་ཏེན་མེད་ཚྭ་ཟ་བའི་འཚོ་བའི་གོམས་སྲོལ་ཡོད་ཁར། ཏེན་མི་འདང་བའི་ནད་ལ་མང་ཚོགས་ཀྱིས་ངོས་འཛིན་ཐུབ་ཀྱི་མེད”ཅེས་མོང་ཤན་ཡིས་བརྗོད།
         མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་གི་ནང་གི་ཟགས་ཐོན་ཁོའོ་ཡི་ཀྲུའུ་རེན་ཡའོ་ཡུང་ལིས། ཏེན་ཚྭ་ཟ་བ་ནི་བདེ་འཇགས་དང་། གོ་ཆོད། གྲོན་ཆུང་། སྟབས་བདེ་བཅས་ཆེ་ཤོས་ཡིན་པའི་ཏེན་གསབ་བྱེད་ཐབས་ཤིག་ཡིན། སྦྲུམ་མའི་ཏེན་གསབ་ལ་ད་དུང་སྐྱེ་དངོས་རང་བཞིན་གྱི་རྒྱ་མཚོའི་ཐོན་ཟོག་དང་སྲོག་ཆགས་རང་བཞིན་གྱི་རྒྱ་མཚོའི་ཐོན་ཟོག་འོས་འཚམ་ངང་གསབ་དགོས། ཏེན་མི་འདང་བའི་ས་ཆ་གཙོ་བོའི་མང་ཚོགས་ཀྱིས་རང་འགུལ་ངང་རིན་མི་དགོས་པའི་ཏེན་ཚྭ་གདམ་རྒྱུ་མ་ཟད། དུས་ཡུན་རིང་པོར་ཚན་རིག་དང་མཐུན་པའི་ཏེན་གསབ་རྒྱུ་མཐའ་འཁྱོངས་ཀྱང་བྱེད་དགོས་ཞེས་གྲོས་འགོ་བཏོན་པ་རེད།
      
    2018-05-16

    ཕྱོགས་བསྡུས་གསར་འགྱུར།