འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་འབྲེལ་གཏུག་སློབ་གྲྭའི་
    རྒྱལ་སྤྱིའི་ལྟེ་གནས་ཧའེ་ནན་སན་ཡ་རུ་གཞིས་ཆགས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་18ཉིན། 10:50】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་16ཉིན་གྱི་ཕྱི་དྲོ། ཧའེ་ནན་ཞིང་ཆེན་སློབ་གསོ་ཐིང་གིས་གསར་འགྱུར་ཡོང་བསྒྲགས་ཚོགས་འདུ་འཚོགས་ནས་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་འབྲེལ་གཏུག་སློབ་གྲྭའི་རྒྱལ་སྤྱིའི་ལྟེ་གནས་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་སྐབས་204ཡི་ལག་བསྟར་ཅུས་ཀྱི་ཚོགས་འདུའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་བརྒྱུད་ཧའེ་ནན་སན་ཡ་རུ་དངོས་སུ་གཞིས་ཆགས་པ་དང་། དེ་ཧའེ་ནན་གྱིས་སློབ་གསོ་རྒྱལ་སྤྱི་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ཞེས་ཁྱབ་བསྒྲགས་བྱས་ཡོད།
         མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་འབྲེལ་གཏུག་སློབ་གྲྭའི་རྒྱལ་སྤྱིའི་ལྟེ་གནས་ནི་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་རིགས་གཉིས་པའི་ལྟེ་གནས་དང་། ཧྲང་ཧའེ་དང་ཧྲེན་ཀྲེན་རྗེས་རང་རྒྱལ་གྱིས་བཙུགས་པའི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་རིགས་གཉིས་པའི་སྒྲིག་གཞི། གོ་ལ་ཧྲིལ་པོའི་འབྲེལ་གཏུག་སློབ་གྲྭའི་རྣམ་གྲངས་ཀྱི་དྲ་རྒྱའི་ཁྱབ་ཁོངས་ལ་དམིགས་པའི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་རིགས་གཉིས་པའི་སྒྲིག་གཞི་འབའ་ཞིག་དེ་ཡིན།
         ལྟེ་གནས་ཀྱིས་ཧའེ་ནན་ལ་གཞིས་ཚུགས་པ་དང་གོ་ལ་ཧྲིལ་པོར་ཕྱོགས་པའི་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་འབྲེལ་གཏུག་སློབ་གྲྭའི་རྣམ་གྲངས་ཀྱི་དྲ་རྒྱ་དང་། རྨང་གཞིའི་སློབ་གསོའི་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ལ་དམིགས་ནས་རྒྱལ་སྤྱིའི་ཤུགས་རྐྱེན་ལྡན་པའི་ཤེས་བྱ་ཐོན་སྐྱེད་ལྟེ་གནས་ཤིག་དང་། ནུས་པ་འཛུགས་སྐྱོང་ལྟེ་གནས། ལག་རྩལ་རྒྱབ་སྐྱོར་ལྟེ་གནས། ཆ་འཕྲིན་བློ་འདྲི་ལྟེ་གནས་བཅས་སུ་འགྱུར་བ་བྱ་རྒྱུ་རེད།
         མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་འབྲེལ་གཏུག་སློབ་གྲྭའི་རྣམ་གྲངས་ཀྱི་དྲ་རྒྱ་ནི་འཛམ་གླིང་ཡོངས་ཀྱི་སློབ་གྲྭའི་དྲ་རྒྱ་ཆེ་ཤོས་དེ་ཡིན། 1953ལོར་བཙུགས་ཚུན་རྒྱལ་ཁབ་181དང་སློབ་གྲྭ་11000ལྷག་ཙམ་ཞུགས་པའི་ནང་རང་རྒྱལ་གྱི་པེ་ཅིང་དང་། ནན་ཅིང་། ཧྲང་ཧའེ། ཧའེ་ནན་སོགས་ཀྱི་སློབ་འབྲིང་10ཚུད་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།