འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་སྒྱུ་རྩལ་ཚོགས་པས་ཀྲུང་གོ་དང་ཁྲའོ་ཞན་གྱི་མཛའ་གྲོགས་རྡོ་རིང་ལ་ཞལ་མཇལ་དུ་ཡོང་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་18ཉིན། 10:48】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་16ཉིན། ཁྲའོ་ཞན་ལ་འཚམས་འདྲི་ཞུ་བཞིན་པའི་ཀྲུང་གོ་སྒྱུ་རྩལ་ཚོགས་པ་ཕོང་དབྱང་གི་མཛའ་གྲོགས་རྡོ་རིང་མདུན་དུ་ཡོང་ནས་ཨ་འགོག་ཁྲའོ་རོགས་དམག་འཁྲུག་ནང་རང་སྲོག་བློས་བཏང་བའི་ཀྲུང་གོ་མི་དམངས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུས་པ་རེད།
         ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའི་པུའུ་ཀྲང་སུང་ཐའོ་ཡིས་ཚོགས་གཙོ་གནང་བའི་ཀྲུང་གོ་སྒྱུ་རྩལ་ཚོགས་པ་ཚེས་13ཉིན་ཕོང་དབྱང་དུ་འབྱོར་ནས་ཁྲའོ་ཞན་གྱི་སྐབས་31པའི“དཔྱིད་ཟླ་བཞི་པ”ཞེས་པའི་རྒྱལ་སྤྱིའི་མཛའ་གྲོགས་སྒྱུ་རྩལ་དུས་ཆེན་ནང་ཞུགས་པ་རེད། དེའི་རིང་སྒྱུ་རྩལ་ཚོགས་པ་དང་བཅས་པ་མི་200ལྷག་ཙམ་ཆེད་མངགས་གསར་བརྗེའི་སྔོན་གཤེགས་དཔའ་བོར་འདས་མཆོད་ཞུ་བར་སླེབས་ཡོད།
         རྔམ་བརྗིད་ལྡན་ལ་སྒམ་བརླིང་གི་རྣམ་པའི་ཁྲོད་ཁྲའོ་ཞན་གྱི་དམག་དཔུང་རོལ་ཆའི་རུ་ཁག་གིས་ཀྲུང་གོ་དང་ཁྲའོ་ཞན་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ་བ་དང་གུས་དམག་གིས་མེ་ཏོག་སི་ར་སྟེགས་བུའི་ཐོག་བསྐྱལ་བ་རེད། སུང་ཐའོ་དང་ཁྲའོ་ཞན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ལི་ཅིང་ཅུན་གྱིས་མེ་ཏོག་སི་རའི་དར་འཛར་ལེགས་སྒྲིག་བྱས་ནས་སྒྱུ་རྩལ་ཚོགས་པའི་ཁོངས་མི་ཡོངས་དང་མཉམ་དུ་ངག་བསྡམས་ནས་མྱ་ངན་ཞུས་པ་རེད།
         ཀྲུང་གོ་དང་ཁྲའོ་ཞན་གྱི་མཛའ་གྲོགས་རྡོ་རིང་དེ་1959ལོར་བསྐྲུན་པ་དང་ཕོང་དབྱང་མུའུ་ཏན་ཧྥུང་ཆུས་སུ་གནས་ཡོད། རྡོ་རིང་དེ་འཛེང་རྡོ་དང་རྡོ་ཀ་མ་རུ་1025ལས་གྲུབ་པ་དང་དེས་ཀྲུང་གོ་མི་དམངས་དང་བླངས་དམག་1950ལོའི་ཟླ་10ཚེས་25ཉིན་ཁྲའོ་ཞན་དུ་བསྐྱོད་ནས་དམག་འཐབ་ནང་ཞུགས་པ་མཚོན་གྱི་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།