འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་སྤྱིའི་བདེ་འཇགས་འཁོར་སྐྱོད་ཀྱི་ཟིན་ཐོ་བཏོད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་16ཉིན། 15:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཏ་ཡ་དབན་ཉིང་རྡུལ་གློག་འདོན་ཀུང་སིའི་ཁོངས་གཏོགས་ཀྱི་ལིང་ཨའོ་ཉིང་རྡུལ་གློག་ཁང་གི་འཕྲུལ་ཚན་དང་པོས་ལོ་13རིང་འཆར་གཞི་མིན་པར་འཕྲུལ་འཁོར་གཏོང་མཚམས་དང་ནུས་འདོན་སྒྲིག་ཆས་གཏོང་མཚམས་འཇོག་མྱོང་མེད་ཅིང་། 2018ལོའི་ཟླ་4ཚེས་4ཉིན་བར་བསྟུད་མར་བདེ་འཇགས་ངང་འཁོར་སྐྱོད་བྱེད་ཚད་ཉིན་གྲངས་4373ཟིན་ནས་རྒྱལ་སྤྱིའི་རིགས་མཚུངས་འཕྲུལ་ཚན་གྱིས་བསྟུད་མར་བདེ་འཇགས་ངང་འཁོར་སྐྱོད་བྱས་པའི་ཉིན་གྲངས་མཐོ་ཤོས་ཀྱི་ཟིན་ཐོ་བཏོད་པ་རེད།
         ཏ་ཡ་དབན་ཉིང་རྡུལ་གློག་འདོན་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཕན་ཡིང་ཧྲེང་གིས་ངོ་སྤྲོད་བྱས་པར་གཞིགས་ན། “བསྟུད་མར་འཆར་གཞི་མིན་པར་འཕྲུལ་འཁོར་གཏོང་མཚམས་དང་ནུས་འདོན་སྒྲིག་ཆས་གཏོང་མཚམས་མི་འཇོག་པ”ཞེས་པ་ནི་ཉིང་རྡུལ་གློག་ཁང་གི་དོ་དམ་ཆུ་ཚད་མཚོན་པའི་འགག་རྩའི་དམིགས་ཚད་ཅིག་རེད། ལིང་ཨའོ་ཉིང་རྡུལ་གློག་ཁང་གི་འཕྲུལ་ཚན་དང་པོ་དེ་ཨང་གཉིས་པ་ཡིན་པའི་ཧྥ་རན་སེའི་འཕྲུལ་ཚན་དང་བསྡུར་ན་ཟླ་བ་15ཡི་མང་བ་དང་། དེ་ལས་ཀྲུང་གོའི་ཉིང་རྡུལ་གློག་འདོན་འཕྲུལ་ཚན་གྱི་འཁོར་སྐྱོད་ཆུ་ཚད་འཛམ་གླིང་གི་རྩེར་སོན་དུ་སླེབས་པ་མངོན་གྱི་ཡོད།
         2017ལོར་ཏ་ཡ་དབན་ཉིང་རྡུལ་གློག་འདོན་རྟེན་གཞིའི་འཕྲུལ་ཚན་དྲུག་གི་WANO(འཛམ་གླིང་ཉིང་རྡུལ་གཉེར་སྐྱོང་པའི་མཐུན་ཚོགས)དམིགས་ཚད་རྣམ་གྲངས་72ཁྲོད་ཀྱི་རྣམ་གྲངས་61འཛམ་གླིང་གི་མདུན་གྲལ་གྱི་བཞི་ཆ་གཅིག་གི་སྔོན་ཐོན་ཆུ་ཚད་ལ་སླེབས་པ་དང་སྔོན་དུ་ཐོན་ཚད་84.7%ཟིན་ཡོད། དེའི་ནང་རྣམ་གྲངས་53འཛམ་གླིང་གི་མདུན་གྲལ་གྱི་བཅུ་ཆ་གཅིག་གི་ཕུལ་བྱུང་ཆུ་ཚད་ལ་སླེབས་པ་དང་ཕུལ་དུ་བྱུང་ཚད་73.6%ཟིན་ཡོད། འདི་ལོའི་ཟླ་3ཚེས་28ཉིན་ཧྥ་རན་སེའི་གློག་ཤུགས་ཀུང་སིའི་2017ལོ་འཁོར་གྱི་བདེ་འཇགས་འགྲན་སློང་འགྲན་བསྡུར་ཐོག་ཏ་ཡ་དབན་ཉིང་རྡུལ་གློག་འདོན་རྟེན་གཞིས“ནུས་ཤུགས་འབྱུང་རྐྱེན”དང“ཉིང་རྡུལ་བདེ་འཇགས་ཀྱི་ནུས་འདོན་སྒྲིག་ཆས་རང་འགུལ་མཚམས་འཇོག”རྣམ་གྲངས་གཉིས་ཀྱི་ཨང་དང་པོ་སླར་ཡང་བླངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།