འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།མཁའ་དམག་གིས་རེས་སྐོར་གསར་པའི“དགུང་སྔོན་དཔྱིད་ཐིའུ་འཆར་གཞི”ལག་
    བསྟར་བྱེད་འགོ་བཙུགས་ནས་གསར་བརྗེའི་རྟེན་གཞི་ཁུལ་རྙིང་པའི་སློབ་གསོ་
    དབུལ་སྐྱོར་ལ་དམིགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་16ཉིན། 15:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། མཁའ་དམག་དང་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པའི“ཐོག་མའི་བསམ་འདུན་མ་བརྗེད་པར་གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་པའི་བཀའ་དྲིན་དྲན་པ——སེམས་པ་ཏང་ལ་ཕྱོགས་ཞེས་པའི་དགུང་སྔོན་དཔྱིད་ཐིའུ”བྱེད་སྒོ་ཉིན་ཤས་གོང་། ཅང་ཤིས་ཞིང་ཆེན་ཐའེ་ཧོ་རྫོང་ལུའོ་ཞི་གྲོང་རྡལ་ལྟེ་བའི་སློབ་ཆུང་དུ་སྤེལ་ཞིང་། མཁའ་དམག་གི་དཔོན་དམག་ཚོས་ཀྲུང་གོའི་ལོ་ཆུང་བྱིས་པའི་ཐེབས་རྩ་ལྷན་ཚོགས་ལ་སླར་ཡང་དངུལ་སྒོར་ཁྲི་1500ཞལ་འདེབས་བརྒྱབ་ནས་ཀན་མིན་གཡོད་དང་། ཧྲའན་ཀན་ཉིང་། ཏ་པེ་ཧྲན། ཙུའོ་ཡིའུ་ཅང་སོགས་གསར་བརྗེའི་རྟེན་གཞི་ཁུལ་རྙིང་པའི་སློབ་གསོའི་བྱ་གཞག་ལ་གནས་གཏན་འཁེལ་དང་ཁ་ཕྱོགས་གཏན་འཁེལ་གྱིས་རྒྱབ་སྐྱོར་བྱས་ནས་གསར་བརྗེའི་རྟེན་གཞི་ཁུལ་རྙིང་པའི་དབུལ་སྒྲོལ་འགག་སྒྲོལ་ལ་རིག་སྟོབས་ཀྱི་རྒྱབ་སྐྱོར་བྱས་པ་དང་མཁའ་དམག་གི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད་པ་རེད།
         མཁའ་དམག་སྒྲིག་ཨུད་ཀྱི་ཧྲུའུ་ཅི་སུང་ཁུན་གྱིས་མཛད་སྒོའི་ཐོག ད་རེས་ཀྱི་བྱེད་སྒོ་ནི་གསར་བརྗེའི་རྟེན་གཞི་ཁུལ་རྙིང་པར་སློབ་གསོའི་བྱ་གཞག་འཕེལ་རྒྱས་གཏོང་རོགས་བྱས་ནས་གསར་བརྗེའི་རྟེན་གཞི་ཁུལ་རྙིང་པའི་ཕྲུ་གུ་རྣམས་སློབ་གྲྭར་འགྲོ་རྒྱུ་ཡོད་པ་དང་སློབ་སྦྱོང་བྱ་རྒྱུ་ཡོང་བ་བྱེད་པ་དང་། བློ་རིག་རོགས་སྐྱོར་གྱི་ནང་གནས་ཁྲག་བཟོའི་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ། གསར་བརྗེའི་རྟེན་གཞི་ཁུལ་རྙིང་པའི་དབུལ་པོ་མི་རབས་བརྒྱུད་སྤྲོད་ཀྱི་ཐབས་ལམ་མེད་པ་བཟོས་ནས་གསར་བརྗེའི་རྟེན་གཞི་ཁུལ་རྙིང་པ་རྦད་དེ་དབུལ་སྒྲོལ་ཐུབ་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུར་ཟམ་མི་ཆད་པའི་སྒུལ་ཤུགས་སྣོན་པ་དེ་ཡིན་ཞེས་བཤད་པ་རེད།
         མཁའ་དམག་གི་རེས་སྐོར་གསར་པའི“དགུང་སྔོན་དཔྱིད་ཐེའུ་འཆར་གཞི”ཡིས་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སློབ་མ་3600ལ་གནད་སྨིན་རོགས་སྐྱོར་བྱ་རྒྱུ་རེད། དེ་དང་ཆབས་ཅིག་མཁའ་དམག་གིས་ཅང་ཤིས་དང་ཡུན་ནན་སོགས་སུ་སློབ་གྲྭ་13བསྐྲུན་རྒྱུ་མ་ཟད། གསར་བརྗེའི་རྟེན་གཞི་ཁུལ་རྙིང་པའི་གཞི་རིམ་འཐབ་ཕྱོགས་དང་པོའི་རྐང་འཛིན་དགེ་རྒན་དང་ལས་ཞུགས་མ་ཐུབ་པའི་མཐོ་རིམ་སློབ་འབྲིང་ཐོན་པའི་སློབ་ཐོན་སློབ་མ་བུ་མོར་གསོ་སྦྱོང་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།