འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ཆེད་དོན་བྱ་སྤྱོད་ཆེན་པོ་གསུམ་ལ་སྐུལ་འདེད་བཏང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་16ཉིན། 15:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། “2018ལོའི་དྲ་རྒྱའི་ཁོར་ཡུག་གཙང་སེལ”དང་། “2018ལོའི་གནོད་ཡོད་ཆ་འཕྲིན་གཙང་སེལ” “2018ལོའི་སྟོན་རླུང”སོགས་ཀྱི་ཆེད་དོན་བྱ་སྤྱོད་གཏིང་ཟབ་སྤེལ་རྒྱུར་སྐུལ་འདེད་གཏོང་ཆེད། ཉེ་དུས། རྒྱལ་ཡོངས་ཀྱི“འཆལ་རྡུང་ལོག་སེལ”གཞུང་ལས་ཁང་གིས་ཆེད་དོན་བཀོད་སྒྲིག་བྱས་ཏེ་ས་གནས་དང་སྡེ་ཚན་ཁག་ལ་འདི་ལོའི་ཟླ་བ་4པ་ནས་ཟླ་བ་11པའི་བར་ཁྲིམས་དང་མི་མཐུན་པའི་གནོད་ཡོད་དཔེ་སྐྲུན་བྱེད་སྤྱོད་དང་། འཁྲིག་སྦྱོར་ཆགས་སྲེད་ཀྱི་ཐ་ཤལ་ཆ་འཕྲིན། གསར་འགྱུར“རྫུན་གསུམ” དབང་གནོད་དང་པར་དབང་བརྐུ་སྤྱོད་སོགས་ལ་རྡུང་རྡེག་གཏོང་བའི་གཙོ་གནད་ལས་འགན་ལ་དམིགས་ཏེ་བྱ་ཐབས་དྲག་པོ་བཏོན་ནས་སྤྱི་ཚོགས་ཀྱི་རིག་གནས་ཁོར་ཡུག་མུ་མཐུད་གཙང་དུ་བཏང་བ་རེད།
         འདི་ལོ་ནས་བཟུང་། ས་གནས་ཁག་གི“འཆལ་རྡུང་ལོག་སེལ”གཞུང་ལས་ཁང་དང་དྲ་འཕྲིན་དང་། སྤྱི་བདེ། རིག་གནས། གསར་འགྱུར་དཔེ་སྐྲུན་དང་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སོགས་ཀྱི་ཁོངས་མིའི་ཚན་པས་མགྱོགས་མྱུར་བྱ་སྤྱོད་སྤེལ་ཏེ་མི་དམངས་མང་ཚོགས་ཀྱིས་ཚད་མཐོའི་དོ་ཁུར་བྱེད་པའི་གནད་དོན་ལ་དམ་འཛིན་བྱེད་པ་དང་། དྲ་ཐོག་དང་དྲ་ཕྱིའི་བརྒྱུད་སྤེལ་ཐབས་ལམ་གལ་ཆེན་ལ་དམིགས་པ། གཅིག་སྡུད་བཅོས་སྒྲིག་བྱེད་པ། ཁྲོམ་རའི་ལྟ་སྡོམ་ནན་དུ་གཏོང་བ་བཅས་བྱས་པས་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་ཡོད། 
      

    ཕྱོགས་བསྡུས་གསར་འགྱུར།