འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།མི་སེར་དང་གླེང་མོལ་བྱེད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་16ཉིན། 15:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། དཔྱིད་ཀ་ཤར་ཚུན། ཧྥུའུ་ཅན་ཞིང་ཆེན་ཧྲའོ་ཝུའུ་གྲོང་ཁྱེར་གྱིས་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་ནས་དཔྱིད་རྨོད་ཐོན་སྐྱེད་དང་། དབུལ་སྒྲོལ་འགག་སྒྲོལ། ཤང་གྲོང་དར་རྒྱས་བཅས་དང་དེ་བཞིན་གཞི་རིམ་ལས་བྱེད་པའི་སྤྱོད་ཚུལ་དང་གྲོང་གསེབ་ཀྱི་ཞིང་འབྲེལ་མ་དངུལ་བེད་སྤྱོད་དང་སྤྲོད་པའི་གནས་ཚུལ་སོགས་ལ་དམིགས་ནས་མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོ་ཉན་པ་དང་། གནད་དོན་ཁུངས་སྣེ་བསྡུ་རུབ་བྱས་ཏེ་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ནང་ལྷག་པའི་དཀའ་གནད་ཐག་གཅོད་བྱས་པ་དང་འབྲེལ་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་པའི་གནད་དོན་བཅོས་སྒྲིག་བྱེད་རོགས་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།