འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་དུམ་Aཡི་ཕྱོགས་བསྡུས་མཚོ་དཔྱད་ལེགས་སྒྲུབ་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་16ཉིན། 15:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་། 2018ལོའི་མཚོ་དུམ་Aཡི་ཕྱོགས་བསྡུས་མཚོ་དཔྱད་ལས་འགན་བདེ་བླག་ངང་ལེགས་སྒྲུབ་བྱས་པའི“རྒྱ་མཚོ་ཆེ་མོ་ཨང་དང་པོ”རྟགས་ཅན་གྲུ་གཟིངས་ཀྱིས་ཚན་རིག་རྟོག་ཞིབ་རུ་མི་དང་གྲུ་པ་72བླུགས་ནས་ཞ་མོན་དེང་རབས་གྲུ་ཁར་ཁ་བཀག་པ་རེད།
         མཚོ་དུམ་དེའི་དབུ་བཞུགས་ཚན་རིག་མཁས་ཅན་ཁྲུའུ་ཧྥུང་ཡེའུ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། མཚོ་དུམ་དེར་རང་རྒྱལ་གྱིས་རང་བརྟེན་གསར་གཏོད་བྱས་པའི“མཚོ་འབྲུག”རྟགས་ཅན་རིགས་གྲས་ཀྱི་ཆུ་འཛུལ་འཕྲུལ་འཁོར་མཚོ་གཏིང་དུ་ཁྱོན་བསྡོམས་ཐེངས་8འཛུལ་ཡོད། དེའི་ནང“མཚོ་འབྲུག་གསུམ་པ”རྟགས་ཅན་ཆུ་འཛུལ་འཕྲུལ་འཁོར་གྱིས་མཚོ་གཏིང་དུ་ཐེངས་5འཛུལ་ནས་མཚོ་གཏིང་སྨི་4500རུ་འཛུལ་བའི་ཚོད་ལྟ་ལེགས་སྒྲུབ་བྱས་པ་དང་། “མཚོ་འབྲུག་11000”རྟགས་ཅན་གྱི་ཆུ་འཛུལ་འཕྲུལ་འཁོར་གྱིས་མཚོ་གཏིང་དུ་ཐེངས་3འཛུལ་ནས་མཚོ་གཏིང་སྨི་3000མན་དུ་འཛུལ་བའི་ཚོད་ལྟ་ལེགས་སྒྲུབ་བྱས་པར་ཚད་བརྒལ་གལ་ཆེན་བྱུང་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།