འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་བདེ་སྲུང་ཐོན་རྫས་ཀྱི་སྤྱི་མོས་ཐོབ་པའི་སྤུས་རྟགས་ཆེ་གྲས་བཅུ་ཁྱབ་བསྒྲགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་16ཉིན། 15:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
        མི་དམངས་དྲ་བའི་འཕྲིན། སྐབས་བདུན་པའི་ཀྲུང་གོའི་བདེ་སྲུང་ཐོན་རྫས་ཀྱི་སྤྱི་མོས་ཐོབ་པའི་གླེང་སྟེགས་ཉིན་ཤས་གོང་པེ་ཅིང་དུ་འཚོགས་པ་དང་འབྲེལ། ཀྲུང་གོའི་བདེ་སྲུང་ཐོན་རྫས་ཀྱི་སྤྱི་མོས་ཐོབ་པའི་སྤུས་རྟགས་ཆེ་གྲས་བཅུ་ཁྱབ་བསྒྲགས་བྱས་པ་རེད། སྐབས་འདིའི་གླེང་སྟེགས་ཀྲུང་གོའི་བདེ་སྲུང་ཐོན་རྫས་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་པ་དང་། དེའི་བརྗོད་དོན་གཙོ་བོ་ནི་བདེ་སྲུང་ཐོན་རྫས་ལས་རིགས་ཀྱི་ཡིད་རྟོན་མ་ལག་འཛུགས་སྐྱོང་ལ་སྔར་བས་སྐུལ་འདེད་གཏོང་བ་དང་། བདེ་སྲུང་ཐོན་རྫས་ཐོན་སྐྱེད་ཁེ་ལས་ཀྱི་ཕྱིར་ཚོང་ཚད་གཞི་འཐུས་ཚང་དུ་འགྲོ་རྒྱུར་སྐུལ་འདེད་བཏང་ནས་སྤྱི་དམངས་ཀྱིས་མི་རིགས་ཀྱི་བདེ་སྲུང་ཐོན་རྫས་ཁེ་ལས་དང་དེ་བཞིན་ཐོན་རྫས་ལ་ཡིད་ཆེས་བྱེད་པ་དང་། བདེ་སྲུང་ཐོན་རྫས་ཐོན་ལས་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་རེད།
        སྐབས་འདིའི་གླེང་སྟེགས་ཐོག་འཛད་སྤྱོད་པས་འདེམས་ཤོག་འཕེན་པ་དང་རིགས་གཅིག་མཁས་ཅན་ཚོགས་ཆུང་ཨུ་ལྷན་གྱིས་གྲོས་བསྡུར་བྱས་པ་བརྒྱུད། བདམས་ཐོན་བྱུང་བའི་བདེ་སྲུང་ཐོན་རྫས་ཀྱི་སྤྱི་མོས་ཐོབ་པའི་ཐོན་རྫས་100དངོས་སུ་ཁྱབ་བསྒྲགས་བྱས་པ་དང་། ཐོན་རྫས་དེ་དག་བདེ་སྲུང་ཐོན་རྫས་ཐོན་སྐྱེད་ཁེ་ལས་44དང་འབྲེལ་བ་ཡོད་པ་རེད། དེའི་ནང་ཨན་ཆི་ཅའོ་མུའུ་ཀུའུ་དང་། པི་ཧྲེང་ཡོན། པའེ་སུའེ་ཡོན་སོགས་ཁེ་ལས་10ལ“སྐབས་བདུན་པའི་ཀྲུང་གོའི་བདེ་སྲུང་ཐོན་རྫས་ཀྱི་སྤྱི་མོས་ཐོབ་པའི་སྤུས་རྟགས་ཆེ་གྲས་བཅུ”ཞེས་པའི་མཚན་སྙན་ཐོབ་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། བདེ་སྲུང་ཐོན་རྫས་ཁྲོད་ཀྱི་སྤྱི་མོས་ཐོབ་པའི་ཐོན་རྫས་དང་སྤུས་རྟགས་འདེམས་པའི་དམིགས་ཡུལ་ནི་དོན་དངོས་དང་མཐུན་པ་དང་། དྲང་བདེན་གྱིས་རྒྱ་ཆེའི་འཛད་སྤྱོད་པའི་འབོད་སྒྲ་དང་ཁས་ལེན་མངོན་པར་བྱས་ནས་རྒྱུན་མཐུད་འཕེལ་རྒྱས་ཀྱི་འཛད་སྤྱོད་ཁོར་ཡུག་གཏོད་པ་དང་ཆབས་ཅིག འཛད་སྤྱོད་པས་གདམ་ག་ཡང་དག་བྱེད་པ་དང་བློ་བདེ་པོ་དང་། སྤུས་ཀ་ལེགས་པ། ཕན་ནུས་ཆེ་བའི་བདེ་སྲུང་ཐོན་རྫས་སྤྱོད་རྒྱུར་ཁྲིད་སྟོན་བྱ་རྒྱུ་དེ་རེད།
      

    ཕྱོགས་བསྡུས་གསར་འགྱུར།