འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།ཁྱིམ་བྱ་གསོས་ནས་དབུལ་སྒྲོལ་ཡོང་ཐབས་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་14ཉིན། 12:05】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཅང་ཤིས་ཞིང་ཆེན་ཡུང་ཧྥུང་རྫོང་ལུའུ་ཀང་ཤང་ལུའོ་ཅ་གྲོང་ཚོའི་ཁྱིམ་བྱ་གསོ་ཚགས་དབུལ་སྐྱོར་ཐོན་ལས་རྟེན་གཞི་ནི་ཅང་ཤིས་ཞིང་ཆེན་སྤྱི་ཚོགས་རིང་ལུགས་སློབ་གླིང་གི་གནས་གཏན་འཁེལ་གྱིས་རོགས་སྐྱོར་བྱེད་པའི་དབུལ་སྐྱོར་ཐོན་ལས་རྟེན་གཞི་ཞིག་ཡིན་པ་དང་། དེས་ལག་རྩལ་དང་མ་རྩ་ནང་འདྲེན་བྱེད་པ་དང་། གྲོང་ཚོ་ཨུ་ལྷན་གྱིས་སྣེ་ཁྲིད་དོ་དམ་བྱེད་པ། དུད་ཚང་དབུལ་པོས་གསོ་ཚགས་བཅས་བྱས་ཏེ“དཔལ་འབྱོར་ནགས་ཚལ+གསོ་སྤེལ”གྱི་བྱ་ཐབས་ལ་བརྟེན་ནས་དབུལ་སྐྱོར་ཐོན་ལས་འཕེལ་རྒྱས་བཏང་ཡོད་པ་རེད། ཤེས་རྟོགས་བྱས་པར་གཞིགས་ན། གྲོང་ཚོ་དེར་དུད་ཚང་དབུལ་པོ་20ཡོད་པ་དང་། ན་ནིང་དུད་ཚང་19དབུལ་སྒྲོལ་ཐུབ་ཡོད། སྔོན་རྩིས་བྱས་ན་འདི་ལོ་ཚང་མ་དབུལ་སྒྲོལ་ཐུབ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།