འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ཞིང་ཆེན་གྱི་ཞིང་ལས་ཐོན་ཟོག་སྤུས་ལེགས་ཀྱི་མནའ་འབྲེལ་དངོས་སུ་བཙུགས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་14ཉིན། 12:36】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་། ཟི་ལིང་དུ་མཚོ་སྔོན་གྱི་ཞིང་ལས་ཐོན་ཟོག་སྤུས་ལེགས་ཀྱི་མནའ་འབྲེལ་འཛུགས་པའི་ཚོགས་ཆེན་འཚོགས་པ་དེ་ཐོག་ནས་མཚོ་སྔོན་ཞིང་ཆེན་གྱི་ཞིང་ལས་ཐོན་ཟོག་སྤུས་ལེགས་དེ་མཉམ་སྐྲུན་མཉམ་སྤྱོད་ཀྱི་འཕེལ་རྒྱས་གཏོང་སྟངས་གསར་པར་བསྐྱོད་པ་མཚོན་གྱི་ཡོད། མནའ་འབྲེལ་བཙུགས་པ་བརྒྱུད། ཞིང་འབྲོག་ལས་ཐོན་སྐྱེད་ཚད་ལྡན་ཅན་དུ་འགྱུར་རྒྱུར་སྐུལ་མ་གཏོང་བ་དང་། ཁྱད་ལྡན་ཞིང་ཕྱུགས་ཐོན་ཟོག་གི་སྤུས་རྟགས་གཏོད་པ། སྤུས་ཚད་ཞིང་དར་ལ་སྐུལ་མ་གཏོང་བ་བཅས་ལ་དགེ་མཚན་ལྡན་པའི་ནུས་པ་ཐོན་ངེས་རེད།
          མིག་སྔའི་བར་མཚོ་སྔོན་ཞིང་ཆེན་གྱིས“ཐོན་ཟོག་གསུམ་དང་མཚོན་རྟགས་གཅིག”སྤྱད་པའི་ཞིང་ལས་ཐོན་ཟོག་སྤྱི་འབོར་810ཟིན་པ་དང་། སྐྱེ་ལྡན་ཞིང་ལས་ཐོན་ཟོག་གི་ཁོར་ཡུག་ལྟ་སྐུལ་ཚད་ལེན་གྱི་རྒྱ་ཁྱོན་སྤྱི་ཆིང་ཁྲི་461ཟིན་ཞིང་། རྒྱལ་ཡོངས་ཀྱི་ལྷད་མེད་ཟས་རིགས་ཀྱི་རྒྱུ་ཆའི་ཚད་ལྡན་ཅན་གྱི་ཐོན་སྐྱེད་རྟེན་གཞི་9བསྐྲུན་པར་རྒྱ་ཁྱོན་སྤྱི་ཆིང་ཁྲི་8.45ཟིན་ཡོད་པ་རེད།
     
      

    ཕྱོགས་བསྡུས་གསར་འགྱུར།