འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།རྔ་པ་ཁུལ་དུ་མི་སྟོང་གིས་སྐོར་བྲོ་འཁྲབ་སྟེ་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པར་བསྟོད་གླུ་ཕུལ་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་14ཉིན། 12:42】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཉེ་དུས། རྔ་པ་ཁུལ་འཛམ་ཐང་རྫོང་རིག་གནས་ཐང་ཆེན་དུ་2018ལོའི་འཛམ་ཐང་རྫོང་ཞིང་འབྲོག་པའི“དྲིན་ཚོར་དང་ཡར་བརྩོན”གྱི་ཛམ་བྷ་ལ་སྐོར་བྲོའི་འགྲན་བསྡུར་ཆེན་པོ་འགོ་ཚུགས་པ་རེད། ལྷབ་ལྷུབ་ཏུ་གཡོ་བའི་སྐར་ལྔའི་དར་དམར་འོག་རྫོང་ཡོངས་ཀྱི་ཤང་གྲོང་12ཀྱི་ཞིང་འབྲོག་པ་ཉིས་སྟོང་དྲུག་བརྒྱ་ལྷག་ཙམ་གྱིས་ལག་གདང་སྦྲེལ་ནས་སྤྲོ་སྣང་ལྡན་པའི་སྐོར་བྲོ་འཁྲབ་སྟེ་བདེ་སྐྱིད་ལྡན་པའི་འཚོ་བར་བསྟོད་གླུ་ཕུལ་བ་རེད།
         ཕོ་སུལ་ཡོལ་ཤང་ཡུ་ནམ་ཆེ་གྲོང་ཚོའི་ལོ་དྲུག་ཅུར་སོན་པའི་ཀེང་ལགས་ཀྱིས་སྐོར་བྲོ་འཁྲབ་ཞོར་དུ་འཛུམ་མདངས་འཕྱུར་བཞིན“ད་ལྟའི་འཚོ་བ་ཉིན་བཞིན་ཡག་ཏུ་འགྲོ་བཞིན་འདུག ཁྱིམ་དུ་ཆུ་དང་། གློག ལམ། དྲ་རྒྱ་བཅས་ཤར་གཏོང་ཐུབ་པ་མ་ཟད། ད་དུང་ཕྲུ་གུའི་སློབ་ཡོན་སྤྲོད་མི་དགོས་པ་དང་སྨན་རིན་ཡང་སྤྲོད་མི་དགོས་པས་ང་ལོ་30ཙམ་གཞོན་དུ་འགྲོ་ན་ཅི་མ་རུང་སྙམ་གྱི་འདུག”ཅེས་བཤད།
         ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་ནི་འཛམ་ཐང་རྫོང་བཙུགས་ནས་ལོ་60འཁོར་བའི་ལོ་ཡིན་པ་དང་། ལོ་60འཁོར་བའི་གོ་སྐབས་སྤྱད་དེ་འཛམ་ཐང་རྫོང་གིས་རིག་གནས་དང་ཡུལ་སྐོར་གྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་དང་ཆབས་ཅིག་དོན་དངོས་དང་། གྲངས་གཞི། པར་རིས། བརྙན་པར་བཅས་ཀྱི་ཐོག་ནས་འཛམ་ཐང་གི་ལོ་60རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཚོན་པར་བྱ་རྒྱུ་དང་། ཏང་དང་རྒྱལ་ཁབ་ཀྱིས་བོད་རིགས་ས་ཁུལ་ལ་ཐུགས་ཁུར་གནང་ལུགས་མངོན་པ་བྱ་རྒྱུ། ཛམ་བྷ་ལའི་གནམ་ས་བླ་འོག་ལྟ་བུའི་འགྱུར་ལྡོག་མངོན་པར་བྱ་རྒྱུ་ཡིན་ཞིང་། ཛམ་བྷ་ལ་སྐོར་བྲོའི་འགྲན་བསྡུར་ཆེན་པོ་ནི་བྱེད་སྒོ་རབ་དང་རིམ་པའི་གྲས་ཤིག་རེད།
      

    ཕྱོགས་བསྡུས་གསར་འགྱུར།