འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱི་ཡུལ་སྐོར་སྣེ་ཤན་པའི་འགྲན་བསྡུར་ཆེ་མོ་འགོ་ཚུགས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་14ཉིན། 12:34】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་གྱི་ལས་བཟོའི་ལས་རིགས་རྩལ་ནུས་འགྲན་བསྡུར་ཆེ་མོ་སྐབས་བཅུ་བཞི་པ་དང་ཡུལ་སྐོར་སྣེ་ཤན་པའི་འགྲན་བསྡུར་ཆེ་མོ་སྐབས་དགུ་པ་ཟི་ལིང་དུ་འགོ་ཚུགས་ཤིང་། ཞིང་ཆེན་ཡོངས་ཀྱི་ཀྲོའུ་དང་གྲོང་ཁྱེར་ཁག་གི་ཡུལ་སྐོར་ཅུས་དང་། ཡུལ་སྐོར་སློབ་ཆེན་དང་སློབ་གླིང(ཚན་ཁག) ཡུལ་སྐོར་ལས་དོན་ཁང་སོགས་ཀྱི་འཐུས་མི་རུ་ཁག་24ཡི་བདམས་ཐོན་པ་106རྒྱ་ཡིག་ཚོགས་ཆུང་དང་། དབྱིན་ཡིག་ཚོགས་ཆུང་། སློབ་ཆེན་དང་སློབ་གླིང་ཚོགས་ཆུང་བཅས་ཀྱི་འགྲན་བསྡུར་ལ་ཞུགས་ཡོད་པ་རེད།
         མཚོ་སྔོན་ཞིང་ཆེན་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱི་འགན་ཁུར་བས། ད་རེས་ཀྱི་འགྲན་བསྡུར་ཆེ་མོའི་དམིགས་ཡུལ་ནི་འགྲན་བསྡུར་ལ་བརྟེན་ནས་སྦྱོང་བརྡར་ལ་སྐུལ་འདེད་གཏོང་བ་དང་། ཡུལ་སྐོར་སྣེ་ཤན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཡུལ་སྐོར་སྣེ་ཤན་པས་རྩལ་ནུས་ཆུ་ཚད་དང་། རིག་གནས་ཀྱི་ནང་དོན། ཕྱོགས་བསྡུས་བྱང་ཚད་བཅས་མཐོ་རུ་གཏོང་རྒྱུར་སྐུལ་མ་གཏོང་བ་དང་ཆབས་ཅིག ཡུལ་སྐོར་སྣེ་ཤན་པའི་གཟུགས་བརྙན་མཐོར་གཏོང་དང་ཡུལ་སྐོར་སྣེ་ཤན་པའི་ཉམས་མྱོང་སྤེལ་རེས་བྱས་ནས། “མཛེས་སྡུག་ལྡན་པའི་མཚོ་སྔོན”གྱི་ཡུལ་སྐོར་སྣེ་ཤན་པའི་གཟུགས་བརྙན་གསར་པ་མངོན་པར་བྱེད་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ཡུལ་སྐོར་ལས་རིགས་སྤུས་ལེགས་ཀྱི་ཡུལ་སྐོར་འཕེལ་རྒྱས་དུས་མཚམས་ལ་བསྒྱུར་རྒྱུར་སྐུལ་འདེད་བཏང་སྟེ་རིགས་སྒྱུར་རིམ་སྤོར་དང་ཕན་འབྲས་མཐོར་གཏོང་ལ་སྐུལ་འདེད་གཏོང་རྒྱུ་དེ་ཡིན་ཞེས་གསུངས།
      

    ཕྱོགས་བསྡུས་གསར་འགྱུར།