འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་རང་ཡུལ་གྱི་ཐོན་ཁུངས་སྔོག་འདོན་བྱས་ནས་ཏང་གཤིས་སློབ་གསོའི་ཏང་གི་
    སློབ་ཚན་སྤུས་ལེགས་བཏོད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་14ཉིན། 12:57】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་། གསར་འགོད་པར་མཚོ་སྔོན་ཞིང་ཨུད་རྩ་འཛུགས་པུའུ་ནས་ཤེས་རྟོགས་བྱུང་བར། མཚོ་སྔོན་གྱིས“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དང་། ཡུལ་ཤུལ་གྱི་ཡོམ་འགོག་གེགས་སེལ་སྙིང་སྟོབས། མཚོ་བོད་ས་མཐོའི་སྙིང་སྟོབས་སོགས་རང་ཡུལ་གྱི་སྙིང་སྟོབས་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་ནས་སློབ་ཚན་སྤུས་ལེགས་བཏོད་པ་དང་སྦྲགས། ཚོགས་པ་སྒྲིག་འཛུགས་བྱས་ནས“ཕྱིར་བསྐྱོད་དེ”སྒྲོག་འགྲེལ་བྱས་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་གྱིས“ཏང་གི་སྤྱོད་ཚུལ་བཟང་པོ་དར་སྤེལ་བཏང་ནས་མཚོ་སྔོན་གྱི་སྙིང་སྟོབས་ཀྱི་མཐོ་ས་གཏོད་རྒྱུ”དམིགས་ཚད་དུ་བཟུང་སྟེ་ཏང་གཤིས་སློབ་གསོའི་ཏང་གི་སློབ་ཚན་སྤུས་ལེགས་ལྔ་བཏོད་པ་རེད། ཏང་གི་སློབ་ཚན་སྤུས་ལེགས་ལྔ་ལ་རང་རང་གི་བརྗོད་བྱའི་སྙིང་པོ་རེ་ཡོད་པ་སྟེ། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་ནི“སྐྱེས་འབུལ”དང་། མཚོ་བོད་གཞུང་ལམ་གྱི་སྔོན་བསྐྱོད་དམག་དཔོན་མུའུ་ཧྲེང་ཀྲུང་གི་སྙིང་སྟོབས་ནི“ལམ་འབྱེད”འབྲོག་པའི་ཧྲེང་ཀྲང་སྐལ་བཟང་གི་སྙིང་སྟོབས་ནི“མེས་རྒྱལ་ལ་བློ་དཀར་སེམས་དཀར”ཡུལ་ཤུལ་གྱི་ཡོམ་འགོག་གེགས་སེལ་གྱི་སྙིང་སྟོབས་ནི“འབད་འབུངས” ཁུ་ཁུ་ཤི་རི་སྲུང་སྐྱོང་ཁུལ་གྱི་རི་སྐོར་རུ་མིའི་སྙིང་སྟོབས་ནི“བརྟན་སྲུང”བཅས་ཡིན་པ་དང་། དེ་དག་ལས་དུས་རབས་གསར་པའི་མཚོ་སྔོན་གྱི་སྙིང་སྟོབས་ཀྱི་ཉམས་འགྱུར་གྲུབ་ཡོད་པ་རེད།
         ཏང་གི་སློབ་ཚན་སྤུས་ལེགས་ལྔའི་མཚོན་སྟངས་སྲོལ་རྒྱུན་དང་མི་འདྲ་སྟེ། སྒྱུ་རྩལ་མཚོན་སྟངས་མང་པོ་ཕྱོགས་བསྡུས་བེད་སྤྱོད་བཏང་བའི་ཁར་སྒྲ་འོད་གློག་བཅས་གཞི་གཅིག་གི་དེང་རབས་ཚན་རྩལ་བྱེད་ཐབས་སྤྱད་དེ། མི་མང་པོ་སྡིངས་ཆའི་ཐོག་བསྐྱོད་པ་དང་། མི་སྣ་དངོས་འཁྲབ་སྟོན། གནས་ཚུལ་དངོས་བརྒྱུད་མྱོང་མཁན་གྱིས་བརྗོད་པ། ལོ་རྒྱུས་ཀྱི་རྣམ་པ་སླར་གསོ་བྱེད་པ། རྒྱབ་ལྗོངས་ཀྱི་སྒྲ་བརྙན་ཡོད་པ། གཏམ་བཤད་དང་གྱེར་འདོན་བཅས་ལས་སློབ་ཚན་གྱི་སྒྲོམ་གཞི་ཆགས་པར་བྱས་ཏེ་རྣམ་པ་མང་པོ་དང་ཟུར་ཚད་མང་པོ་ནས་ལྟ་མཁན་ཚོའི་ཡིད་དབང་འཕྲོག་པ་དང་། བློ་སྒོ་འབྱེད་པ། རིན་ཐང་ལྟ་བར་ལ་སྣེ་ཁྲིད་བཅས་བྱས་ནས་ཡིད་ལ་ངེས་ཤིང་སེམས་འགུལ་ཐེབས་པའི་ཕན་འབྲས་ཐོན་པར་བྱས་པ་རེད། སློབ་ཚན་སྔོག་འདོན་བྱེད་པར་རྩོམ་པ་པོ་གྲགས་ཅན་དང་སློབ་ཚན་ཚོགས་པ་གཅིག་གྱུར་གྱིས་བཀོད་སྒྲིག་བྱས་ཏེ་གཏམ་བཤད་ཟིན་བྲིས་འབྲི་རུ་བཅུག་པ་དང་སྦྲགས། སྙིང་སྟོབས་མཆེད་སར་བསྐྱོད་དེ་བརྟག་ཞིབ་དང་མི་སྣའི་གཏམ་རྒྱུད་འཚོལ་བསྡུ་ལེགས་སྒྲིག་སྒྲིག་འཛུགས་ཀྱིས་སྙིང་སྟོབས་ཀྱི་བརྗོད་སྙིང་གསལ་འགྲེལ་བྱ་རྒྱུར་གསོན་ཉམས་དོད་པའི་རྒྱུ་ཆ་མཁོ་འདོན་བྱས་ནས་ལྟ་མཁན་ཚོའི་ཡིད་དབང་བཀུག་པ་རེད།
         མིག་སྔའི་བར། སྒྲོག་འགྲེལ་ཐེངས་200ལྷག་བྱས་པར་ལས་རིགས་ཁག་གི་ལྟ་མཁན་ཁྲི་5ལྷག་ཟིན་ཅིང་སྒྲོག་འགྲེལ་བྱེད་ཐེངས་རེར་རྒྱ་ཆེའི་ལྟ་མཁན་ཚོའི་གདེང་འཇོག་ཡག་པོ་མགྲིན་གཅིག་ཏུ་ཐོབ་པ་རེད།
         དེ་དང་ཆབས་ཅིག མཚོ་སྔོན་གྱིས་རྒྱལ་ཡོངས་ཀྱི་གཡུལ་ས་འབའ་ཞིག་སྟེ་རྡུལ་ཕྲན་གྲོང་གི་ཕུགས་བསམ་དད་སེམས་སློབ་གསོ་སློབ་གླིང་སྐྲུན་འགོ་ཚུགས་ཤིང་། རྒྱལ་ཡོངས་ཀྱི་ཐོན་ཁུངས་འབའ་ཞིག་སྟེ་རྡུལ་ཕྲན་གྲོང་ལ་དམ་པོར་དམིགས་པ་དང་། “རྡུལ་ཕྲན་གྲོང་དྲན་གསོ་ཁང་དང་། ‘མདེལ་གཉིས་སྐར་གཅིག’ཞིབ་འཇུག་རྟེན་གཞི། སྐལ་བཟང་དྲན་གསོ་ཁང། མཚོ་སྔོན་པོ”སོགས་ལ་བརྟེན་ནས་སྤུས་ལེགས་ཀྱི་སློབ་ཚན་མ་ལག་བཏོད་དེ་ཞིང་ཆེན་ནང་ཁུལ་ལ་ཕྱོགས་པ་དང་། རྒྱལ་ཡོངས་སུ་ཁྱབ་འགྱེད་བྱེད་པ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་གཞོན་ནུ་ལོ་ཆུང་ལ་དམིགས་པ་བཅས་བྱས་ནས་ཏང་གཤིས་སློབ་གསོ་དང་ཕུགས་བསམ་དད་སེམས་ཀྱི་སློབ་གསོ་སྤེལ་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།